当前位置: 首页 > 特色藏文 > སློབ་མ་ཚལ་ཞིང་བསྡུ་བར་སྐྱོད་པ།

སློབ་མ་ཚལ་ཞིང་བསྡུ་བར་སྐྱོད་པ།

2020年10月10日 16:23:13 访问量:41 作者:藏文组

སྤྱི་ལོ༢༠༢༠ལོའི་ཟླ༡༠ཚེས༩ཉིན།   ས་སྐྱ་སློབ་འབྲིང་སློབ་ཨུད་ནས་གཏན་འབེབས་བྱས་པ་བཞིན་རང་སློབ་གྲྭའི་ལོ་རིམ་བརྒྱད་པའི་འཛིན་གྲྭ་དང་པོ་ནས་འཛིན་གྲྭ་བདུན་པ་བར་གྱི་སློབ་མ་ཡོངས་རྫོགས་བཀྲ་ཤིས་སྒང་ཤང་ཁུལ་དུ་ཡོད་པའི་ཚལ་ཞིང་ནས་ཞོག་ཁོག་དང་ལ་ཕུག་བསྡུ་བར་ཕྱིན་པ་རེད།

       ས་སྐྱ་སློབ་འབྲིང་གིས་ལོ་ལྟར་བཞིན་ཚལ་ཞིང་འདེབས་ལས་དང་བརྔ་བསྡུའི་ལས་སྤེལ་སྐབས་ཚལ་ཞིང་གི་གཞི་ཁྱོན་དང་ལས་ཀའི་འབོར་ཚད་ལ་གཞིགས་ཏེ་གོ་རིམ་ངེས་ཅན་ལྡན་ལ།  ལས་ཀའི་འབོར་ཚད་དང་བསྟུན་ནས་སློབ་མ་ལས་ཀ་བྱེད་པར་གཏོང་གི་ཡོད།   དེས་ཕྱོགས་གཅིག་ནས་སློབ་མའི་ལས་ཀའི་འདུ་ཤེས་དང་སློབ་ཞོར་དུ་ལས་ཀ་བྱེད་པའི་སྤྲོ་བ་སྐྱེ་བསྲིངས་བྱེད་ཐུབ་པ་དང་།   ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ལས་རིགས་ཁག་ལ་མྱོང་བ་དང་ཐབས་ལམ་གསར་ཪྙེད་ཐུབ་པ་སོགས་ཀྱི་དགེ་མཚན་མི་ཉུང་བ་ཞིག་ཐོན་པ་མ་ཟད།   ཞོག་ཁོག་དང་ལ་ཕུག་བསྡུ་བའི་ལས་ཞོར་དུ་སློབ་མ་རྣམས་སྙན་པའི་གླུ་ངག་འཐེན་པ་དང་།  ལས་ཀ་ཚར་རྗེས་ཡངས་པའི་སྤང་ཐང་སྟེང་དུ་སློབ་མ་མང་པོ་ཞིག་སྟངས་སྟབས་ཡོངས་སུ་རྫོགས་ཤིང་ཉམས་འགྱུར་སྟོང་གིས་ཕྱུག་པའི་ཞབས་བྲོ་རྒྱག་པ།   ཡང་སློབ་མ་འགའ་ཞིག་རང་རང་གི་དགའ་དད་བཞིན་སྣ་ཚོགས་རྩེད་འཇོར་རོལ་བ་སོགས་སྤྲོ་བའི་བསམ་པ་རབ་ཏུ་འཕེལ་ཏེ།    གནས་སྐབས་བུ་སློབ་ཚོགས་ཀྱི་སློབ་གྲྭའི་ནང་གི་སློབ་སྦྱོང་ཐད་ཀྱི་དཀའ་བ་དང་སྐྱོ་ངལ།   འགན་འཁྲི་རྣམས་ཡོངས་སུ་བརྗེད་ནས་དགའ་བའི་དཔལ་ལ་རབ་ཏུ་འཁོད་པར་བྱེད།

      ད་ཐེངས་ཀྱི་ཚལ་ཞིང་བསྡུ་བའི་བྱེད་སྒོ་དེ་སྤེལ་བ་བརྒྱུད་ནས།    ཕྱོགས་གཅིག་ནས་སློབ་མའི་ཚོགས་ཀྱི་སེམས་ནང་གི་གནོན་ཤུགས་དེ་རེ་ཞིག་བསངས་བར་བྱེད་ཅིང་།   ཕྱོགས་གཞན་ཞིག་ནས་ངལ་རྩོལ་གྱི་སྤྲོ་སྣང་དང་ངལ་རྩོལ་གྱི་རིན་ཐང་རྟོགས་པར་ནུས་པ་མ་ཟད།   འབྱུང་འགྱུར་ངལ་རྩོལ་ལ་ལྟ་སྟངས་ཡང་དག་པ་ཞིག་འཛིན་ཐུབ་ལ།   ངལ་རྩོལ་གྱི་གྲུབ་འབྲས་ལ་གཅེས་སྤྲས་དང་།   མི་གཞན་གྱི་ངལ་རྩོལ་ལ་བརྩི་བཀུར་བྱེད་པའི་ལྟ་བ་ཡག་པོ་ཞིག་འཛུགས་ཆེད་དགེ་མཚན་ཆེན་པོ་ཐོན་རྒྱུར་འདོན་མི་ཟའོ།

编辑:李远倩
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
西藏日喀则市萨迦县中学 版权所有
中华人民共和国电信经营许可证 京ICP备13002626号-8
联系地址:西藏日喀则市萨迦县中学。
京公网安备11010502032087
现代教育网 提供技术支持 违法和不良信息举报中心
Copyright 2006-2020 sjxzx.30edu.com.cn , All Rights Reserved
西藏萨迦县中学 兰西县基础教育研究中心 甘肃省会宁县第二中学 广东省雷州市第二中学 忻州现代双语学校 怀仁市城镇第三小学 神木市第四中学 果洛中学 陕西省宝鸡中学 岳家庄乡中心学校 五寨县教育科技局 五寨县第三中学 忻州市教育局 繁峙县教育科技局 原平教育科技局 五台山风景名胜区教育管理中心 文地镇小学教育网 忻州市高级技工学校 忻州市第一职业中学 五台县职业中学校