当前位置: 首页 > 特色藏文 > སློབ་མའི་ལག་རྩེད་སྤོ་ལོ་འགྲན་བསྡུར་གྱི་བསྡུས་འཕྲིན།

སློབ་མའི་ལག་རྩེད་སྤོ་ལོ་འགྲན་བསྡུར་གྱི་བསྡུས་འཕྲིན།

2020年09月17日 11:52:56 访问量:629 作者:藏文组

སྔར་ལས་ལྷག་པའི་སྒོ་ནས་སློབ་མའི་ལག་རྩེད་སྤོ་ལོའི་ནུས་རྩལ་མཐོར་འདེགས་གཏོང་ཆེད།    ད་ཐེངས་ས་སྐྱ་རྫོང་གི་ལས་བྱེད་ལས་བཟོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་སྒོའི་ནང་རང་སློབ་གྲྭའི་སློབ་མའི་རུ་ཁག་གཅིག་ཆེད་མངགས་བཀོད་སྒྲིག་དང་སྒྲིག་འཛུགས་བྱས་ཏེ་འགྲན་བསྡུར་བྱེད་སྒོའི་ནང་བཞུགས་ཡོད། 

དམའ་རིམ་སློབ་འབྲིང་གི་སློབ་མའི་རུ་ཁག་དང་ས་སྐྱ་རྫོང་མི་དམངས་སྲིད་གཞུང་གི་ཏང་འཛུགས་ལས་བྱེད་ལས་བཟོའི་རུ་ཁག་གཉིས་ཐེངས་དང་པོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་སྒོའི་ནང་གི་འགྲན་ཟླ་འཁེལ་སོང་།   ང་ཚོའི་སློབ་མ་རྣམས་ཕྱོགས་གཅིག་ནས་སྤོ་ལོའི་འགྲན་བསྡུར་ཆེན་མོའི་དོ་རར་བཞུགས་པའི་མྱོང་བ་ཞན་ལ་སྒྲིག་སྲོལ་སྒྲིག་ལམ་ཁག་ལ་ཤེས་པ་དམན་པ་དང་།   གཟུགས་སྟོབས་ཆུང་ལ་ཤ་རྩི་ནག་པ།   རུ་ཁག་གི་ཆས་གོས་ངོ་དྲག་པ་ཙམ་ཡང་མེད་པ།  ཕྱོགས་གཅིག་ནས་ཕ་རོལ་པོའི་འགྲན་ཡ་རྣམས་གཟུགས་སྟོབས་ཆེ་ལ་ཤེད་མོ་བཟང་བ་དང་།  ན་ཚོད་དར་ལ་བབ་ལ་སྤོ་ལོ་མཁས་པ།   འགྲན་བསྡུར་གྱི་མྱོང་བ་ཆེ་བ་སོགས་ཀྱིས་རྐྱེན་པས་སྟོབས་ལྡན་གྱི་དཔུང་ཁག་ཞིག་ཡིན་པས།  ལྟ་མོ་ཕལ་མོ་ཆེའི་ཐོག་མའི་སེམས་ཀྱི་འཆར་སྒོའི་ངོས་སུ་སློབ་མའི་རུ་ཁག་ཕམ་རྒྱུ་ཉག་གཅིག་ལས་གཞན་པའི་བསམ་པ་ཅི་ཡང་མ་མཆིས།  

འགྲན་བསྡུར་ཐོག་མར་འགོ་བཙུགས་སྐབས་སློབ་མའི་རུ་ཁག་གི་ཁོངས་མི་རྣམས་གནས་སྐབས་སྐར་གྲངས་དམའ་བར་གྱུར་ཡང་། སློབ་མའི་ཚོགས་རྣམས་གྲུང་ཤ་དོད་ལ་གཟུགས་པོ་ཐང་ཤ་དོད་པ།    ལག་རྩེད་སྤོ་ལོའི་ཐབས་རྩལ་བྱང་ལ་ཡང་ཟོར་བྱ་དང་མཉམ་པས།   སྤོ་ལོ་རྒྱག་བཞིན་རྒྱག་བཞིན་སྐར་གྲངས་རིམབཞིན་ཕ་རོལ་པོའི་རྗེས་ཆོད་པ་དང་།   འགྲན་བསྡུར་གྱི་དོ་རའི་ནང་དུ་རྒྱུགས་བཞིན་རྒྱུགས་བཞིན་རྒྱུགས་རྩལ་ཇེ་བཟང་ཇེ་ལེགས་སུ་སོང་བས།   ཚོགས་རའི་ཐོག་འབོད་སྒྲ་དང་ངར་སློང་བའི་སྒྲས་གནམ་ས་འགུལ་བ་ལྟ་བུའི་ཡོམ་ཡོམ་དུ་འདར་བར་བྱེད་པས།    མཐའ་མར་སློབ་མའི་ཚོགས་རྣམས་ལ་ཉིན་དང་པོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་གྱི་བྱེད་སྒོར་གཡུར་ཟའི་འབྲས་བཟང་ཐོབ་པ་མ་ཟད།   འགྲན་བསྡུར་ཆེན་མོའི་ནང་ཞུག་པའི་མྱོང་ཆེན་པོ་ཞིག་ཀྱང་ཐོབ་ཐུབ་པ་བྱུང་ཡོད། 

འདི་ནི་སློབ་མའི་ཚོགས་ཀྱི་གཟི་བརྗིད་ཡིན་པ་ཙམ་དུ་མ་ཟད།   རང་ས་སྐྱ་སློབ་འབྲིང་གི་ཐུན་མོང་གི་གཟི་བརྗིད་ཞིག་ཀྱང་རེད།   དེས་སློབ་མ་རྣམས་ལ་འགྲན་བསྡུར་གྱི་འདུ་ཤེས་དྲག་པོ་དང་།    སློབ་མའི་གོང་བུར་འགྲིལ་ཤུགས་ཇེ་ཆེར་སོང་བས།    ང་ཚོའི་སློབ་གྲྭ་ཡོངས་ལ་ལུས་རྩལ་བྱེད་སྒོར་ཞུག་པའི་ཧུར་བརྩོན་རྔ་བཞིན་ཇེ་ཆེར་གཏོང་ཐུབ་པ་བྱུང་བ་ཙམ་མ་ཟད།  མཛའ་བཤེས་ཨང་དང་པོ་དང་།  འགྲན་བསྡུར་ཨང་གཉིས་པའི་བསམ་བློའི་ལྟ་བ་དང་།   བསམ་པའི་དཔལ་ཡོན་སྐྱེ་བསྲིངས་ཐུབ་པ་བྱུང་ཡོད། 
编辑:李远倩
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心