当前位置: 首页 > 青 年 报 > ཆོད་སེམས།

ཆོད་སེམས།

2019年10月28日 12:53:47 访问量:2124次

དཀར་ཕྱོགས་རྣ་ཡི་བདུད་རྩིའི་བུམ་པ་ཞིག །

ནག་ཕྱོགས་སྣ་ལ་རྡེག་བྱེད་བེར་ཀ་ཆེ། །

རིས་མེད་ཀུན་ལ་དགོད་སྒྲའི་ཆར་འབེབས་པོ། །

སྒྱུ་མ་སྒྱུ་མར་ཤར་བའི་སྟོང་ཉིད་པ། །

 མཁྱེན་ནོ་ངག་དབང་ལྷ་མོ་མགྲིན་པ་རུ་བཞུགས་རོགས། །

མཁྱེན་ནོ་སྤྱན་རས་གཟིགས་དབང་སྙིང་ཁོང་དུ་རྩེན་རོགས། །

འཇམ་དཔལ་དཔའ་བོའི་ཡེ་ཤེས་མིག་ཟུང་ལ་བསྩལ་ནས། །

ས་ཕག་གནམ་ལོ་འདི་ནས་ཆོད་སེམས་འདི་བཞེས་ཤིག །

 ས་དག་པ་ལྷ་ཡི་ཞིང་ཁམས་རེད་ཟེར་གྱི།  །

རྒྱུད་དག་པ་འོད་གསལ་ལྷ་ལས་མཆེད་གླེང་གིས། །

རྒན་ཕ་ལོའི་ངག་རྒྱུན་བདེན་པ་ཡིན་ངེས་ན། །

ངེད་བུ་ལོས་འདང་རྒྱག་བྱ་རྒྱུ་དེ་ཕྱི་གི །

 ས་བདག་ཕག་གིས་དབང་ལེ་ཐག་རིང་གི་སྒྲུང་རིང་། །

ས་ཕག་གནམ་ལོ་འདི་དང་ཉ་ཉུང་ཡང་མ་འདྲེས། །

ས་བདག་ཕག་གཤིས་འབངས་ཁོལ་ཞོ་ལོ་བཞིན་དཀྲོགས་ན། །

ཕག་མོ་གྲུ་པའི་མཛད་པ་ལས་འབྲས་དང་མཐུན་གི །

 ལོ་གསར་ལོ་རྒྱུས་གང་བུ་ཁ་སྦྱོར་བཞིན་འབྲེལ་ལགས། །

ཁ་ཁོག་ཁ་བ་རི་པ་རྒྱུ་སྤུན་བཞིན་སྒྲིམས་ཤོག །

གསར་སྐྱེས་གསར་བུའི་ཁ་ཕྱོགས་མེ་ལོང་བཞིན་སྟོན་རོགས། །

དགེ་མིང་དགེ་ལས་གངས་དཀར་རི་བོ་བཞིན་བརྟན་ཤོག །

 ཕྱི་ནང་ནང་ཁུལ་མཐུན་བཞིའི་ལས་དབང་ལ་བསམ་ཆོག །

ལྔ་རིག་རིག་གཞུང་ཆུ་བཞིའི་རྒྱུན་བཟང་ལ་འགྲན་ཆོག །

གངས་ཕྲུག་གངས་གཞོན་སྐུ་བཞིའི་གོ་འཕང་ལ་ཁོད་ན། །

རོང་སྨྱོན་རོང་འབྲོག་བདུད་བཞི་ངམ་ངམ་ལ་ཞི་ཡོང་། །

 སྒྲ་དབྱངས་དབྱངས་ཅན་དགྱེས་པའི་ཞི་ལོ་འདི་གསོ་དགོས། །

སྒྲ་གཞུང་གཞུང་ལུགས་མཁས་པའི་ཞི་མོ་ཡང་བསྐྱངས་དགོས། །

སྒྲ་སྙན་སྙན་ཚིག་རྩོམ་པའི་རྩལ་ལག་གིས་ཕྱུག་ལ། །

སྒྲ་དབྱངས་དབྱངས་ཀྱི་ཡབ་ཡུམ་ལག་འདང་ཞིག་སྦྲེལ་ཤོག །

 ཁ་བྲོ་བྲོ་གར་འཁྲབ་ལ་འཁྲབ་སྟོན་དུ་མ་སོམས། །

ཁ་ལྗོངས་ལྗོངས་རྣམ་སྟོན་པའི་སྟོན་པ་རུ་སྒོམས་ཤིག །

ཁ་ཐག་ཐག་རིང་མིག་རྒྱང་མིག་ཟུང་གིས་གཟིགས་ན། །

ཁ་ཞེ་ཞེ་གཅིག་ཁ་བའི་ཁ་སྟབས་ལ་ཕྱོགས་ཡོང་། །

རྒྱན་བྱང་གཟིག་གི་རྒྱལ་པོ་རྒྱང་རིང་ལ་སྐྱུར་ཆོག །

རྒྱན་མཆོག་ལྔ་ཟུང་གངས་སེང་དཀར་མོ་དེ་མཆོད་ཆོག །

རྒྱན་གྱི་དྭངས་མ་གངས་རིའི་ཁྱུང་ཆེན་དག་གསོ་ལ། །

རྒྱན་མེད་ཚིག་གི་དམ་བཅའ་དག་མ་འདི་འབུ

编辑:罗淼淼
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心