༄༅། །མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ཤོག
བོད་སྐད་ཡིག་རྒྱུགས་དཔེ།
དོ་སྣང་བྱ་རྒྱ།
1.རྒྱུགས་ཤོག་འདིར་ཤོག་ལྷེ6ཡོད།དྲི་གཞི་ཆེ་བ་བཞི་ལ་ཁྱོན་སྐར་མ100ཡོད། ཡིག་ཚད་གཏོང་ཡུན་སྐར་མ120ཡིན།
2.རྒྱུག་སྤྲོད་མཁན་གྱིས་རྒྱུགས་ཤོག་དང་།ལན་འདེབས་ཤོག་བྱང་བླངས་རྗེས།སྔོན་ལ་རང་གི་རུས་མིདང་རྒྱུགས་གཏོང་ཆོག་པའི་ལག་འཁྱེར་ཨང་གྲངས་དག་ལན་འདེབས་ཤོག་བྱང་ཐོག་གཏན་འཁེལ་བྱས་པའི་གནས་སུ་བྲིས་རྗེས།ཐིག་རིས་གསང་རྟགས(条形码)སྦྱར་དགོས།
དང་པོ། གསོག་འཇོག་དང་བེད་སྤྱོད། (བསྡོམས་སྐར 35 )
གཅིག གདམ་གསེས་དྲི་གཞི། སྐར། 10
1. བོད་སྐད་དང་བོད་ཡིག་གཉིས་ནི་བོད་མི་རིགས་གནས་ཐུབ་མིན་གྱི( )ལྟ་བུ་ཡིན།
A མཛེས་རྒྱན། B བླ་སྲོག C ཐོན་དངོས།
2. ལས་སུ་བྱ་བ་ཞེས་པའི་ལས་དང་དོན་གཅིག་པ་ཡིན་པ་ནི( )ཡིན།
A བྱ་བའམ་བྱ་ཚིག B ལ་དོན་གྱི་ཕྲད། C བྱ་བའི་ཡུལ།
3. གང་ཞིག( )ཙམ། བརྗོད་པ་རྣམ་དབྱེ་དང་པོ་ཡིན།
A དོན་གྱི་ངོ་བོ་ཙམ། B མིང་གི་ངོ་བོ། C ཚིག་གི་ངོ་བོ།
4. “ནོར་རིན་ཆེན་ལྟ་བུའི་ཤེས་ཡོན་དེ” ཞེས་པའི་དཔེ་ཅན་ནི( )ཡིན།
A ཤེས་ཡོན། B ནོར་རིན་ཆེན། C ལྟ་བུ།
5. བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་པའི“ལྷུན་གྱིས་གྲུབ”ནི་བྱེད་སྒྲ( )ལ་འཇུག
A བྱེད་སྒྲ་རྒྱུ་མཚན་སྟོན་པ། B བྱེད་སྒྲ་ངང་ཚུལ་སྟོན་པ། C བྱེད་སྒྲ་རྗེས་མཐུན།
6. གཤམ་གསལ་ལས་བོད་ཀྱི་སྒྲུང་གཏམ་རྩོམ་ཡིག་ཡིན་པ་ནི( )ཡིན།
A མཱ་ཇིའི་ལག་རྟགས། B བདག་གི་ཁུ་བོ་ཡུ་ལེ། C གཙུག་གཡུ།
7. གཤམ་གསལ་ལས་དག་ཆ་ཡང་མི་དག་པའི་སྡེ་ནི།( )ཡིན།
A བཀའ་བཀྱོན། བཤེས་གཉེན། ཁ་ལུད། མཐོན་མཐིང་།
B འཁྱོས་མ། དན་རྟགས། ཡིད་རྟོན། མཛའ་གྲོགས།
C ཚིག་བཅད། སྐྱུས་མ། གཞུང་གྲང་། སྐྱོ་དུང་།
8. སྲོང་བཙན་གྱིས་དར་དམར་པོའི་ཐོད་བཞེས་པ་དང་། ཟ་འོག་གི་བེར་མནབས་པ། ཕྱགས་ལྷམ་སྣེ་འཁྱིལ་གྱོན་པ་སོགས་ནི་མི་སྣའི( )གསལ་བཤད་བྱེད་པ་ཡིན།
A ཕྱིའི་རྣམ་པ། B བྱ་བྱེད། C སེམས་ཁམས།
9. བྱས་པ་ཤེས་ཤིང་དྲིན་དུ་གཟོ།། ཕ་མ་ལ་གུས་རང་བཞིན་དྲང་། ། གཞན་ལ་མི་འཚེ་རང་ཚུགས་ཐུབ། ། དེ་དག་སྐྱེས་བུ་བཟང་པོ་ཡིན། ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་འདིས( )ཡིན།
A མི་སྣ་བཟང་པོའི་ལེགས་ཆ་བཤད་ཡོད། B མི་སྣ་ངན་པའི་ཞན་ཆ་བཤད་ཡོད།
C མི་སྣ་བཟང་ངན་གཉིས་ཀའི་ལེགས་ཞན་བཤད་ཡོད།
10. མཁས་པ་ཡོན་ཏན་མཛོད་འཛིན་པ། ། དེ་དག་ལེགས་བཤད་རིན་ཆེན་སྡུད། །
རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར།། ཡིན་ཕྱིར་ཆུ་ཕྲན་ཐམས་ཅད་འབབ། །ཅེས་པའི་ཚིགས་བཅད་འདི་དཔེ་རྒྱན་གྱི་ནང་གསེས( )ཡིན།
ཀ རབ་བཏགས་ཀྱི་དཔེ། ཁ བརྗོད་འདོད་ཀྱི་དཔེ། ག ཟླ་བོ་དངོས་པོའི་དཔེ།
གཉིས། གཤམ་གསལ་མངོན་བརྗོད་ཁག་ངོས་འཛིན་དགོས། སྐར། 6
11. དབྱིག་གི་བློ་གྲོས་མ།( ) ས་འཛིན།( ) འབྱུང་པོ་འཛིན( )
དབྱིག་གི་ཁུ་བ། ( ) སྒྲ་འཛིན།( ) འབྱུང་པོའི་བྱ།( )
གསུམ། སྟོང་ཆ་སྐོང་དགོས། སྐར། 10
12. ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། གནས་པུར་རྒྱལ ཅེས་བྱ་བ་ཡོད།
13. ང་ཚོས་སློབ་སྦྱོང་དང་། ལས་དོན། ཐོན་སྐྱེད་སོགས་ཀྱི་ལས་འགན་སྒྲུབ་སྐབས་སྔོན་ལ་ལས་འགན་དེ་ཇི་ལྟར་བསྒྲུབ་རྒྱུའི་བཀོད་སྒྲིག་གམ་སྔོན་རྩིས་ཤིག་ཡོད་དགོས་ཤིང་།དེ་ལྟའི་བཀོད་སྒྲིག་གི་སྔོན་རྩིས་དེ་ཡིག་ཐོག་ཏུ་བཀོད་པ་ལ ཟེར།
14. སྐ་ཅོག་ཞང་གསུམ་ནི་སྐ་བ་དཔལ་བརྩེགས། བཅས་སོ།།
15. དཀར་གསུམ་ནི། བཅས་སོ།།
16. ཝ་བཏགས་ཅན་གྱི་ཡི་གེ་བཅུ་གཉིས་ཕུད་པའི་ཝ་ཟུར་གྱི་ཡི་གེ་གསུམ་ནི། བཅས་སོ།
བཞི། འགྲིག་མིན་བརྡར་ཤ་གཅོད་དགོས། གལ་ཏེ་ཚང་མར་རྟགས་གཅིག་མཚུངས་སྤྲད་ཚེ་སྐར་མི་ སྤྲོད། སྐར། 5
17. བརྡ་ཁྱབ་ཀྱིས་ཆ་འཕྲིན་སྤེལ་བ་དང་དཔལ་འབྱོར་འཁྲུག་པོ་བཟོ་མི་ཐུབ། ( )
18. དཔྱིད་ཆུ་བཟང་། སྟོན་ཆུ་ངན། ( )
19. ཕལ་སྐད་དང་མཐུན་ཆེ་བ་དང་། སློབ་བདེ་བ་དང་ཁྱབ་རྒྱ་ཆེ་བ། མིང་ཚིག་གིས་འདང་ཚད་ཆེ་བ། ཚིག་སྦྱོར་གྱིས་དོན་ཏན་ཏིག་བསྟན་ཐུབ་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་ཚེ་ཡི་གེ་དེ་སྔོན་ཐོན་ཡི་གེར་བརྩིས་ཆོག ( )
20. གོང་མ་ཡུང་ལོའི་སྔོན་ལ་བོད་ཡིག་པར་སྐྲུན་གྱི་ལས་རིགས་དར་སྲོལ་མི་འདུག ( )
21. བྱ་དངོས་ལ་ཡང་དག་པའི་ངོས་འཛིན་བྱེད་སྟངས་གཅིག་ཁོ་ན་ཡིན། ( )
ལྔ། མིང་དང་ཚིག་ལ་འགྲེལ་པ་བྱ་རྒྱུ། སྐར། 4
22. བག་ལ་ཞ་བ། མཚེར་འཛིན།
ཁྲོམ་ལས་ལངས། ཕྱག་ཕྱི།
གཉིས་པ། ལྟ་ཀློག་དང་དབྱེ་ཞིབ། བསྡོམས་སྐར། 28
ལྟ་ཀློག་དང་དབྱེ་ཞིབ་དང་པོ། སྐར། 14
བསམ་ཡས་དགོན་པ① ཕྱིའི་ལྕགས་རི་དང་བཅས་པའི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ༢༥༠༠༠ཙམ་ཡོད་② ཕྱིའི་བཟོ་སྐྲུན་གྱི་བཀོད་པ་ནི་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་དང་བཅས་པ་ཡོངས་སུ་རྫོགས་པར་ཚང་བ་དང་། ནང་གི་གཙུག་ལག་ཁང་དེའི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་ སྙོམས་གྲུ་བཞི་མ༦༠༠༠ལྷག་ཙམ་ཡོད་ལ། དེ་ནི་ཐོག་རྩེག་རིམ་པ་གསུམ་དང་ལྡན་པས་ཐོག་རྩེག་རེར་སྤྱིའི་ཆ་ནས་མཐོ་ཚད་སྨི༥ཚེག༥ནས་སྨི༦བར་ཡོད། དེའི་བཟོ་སྐྲུན་གྱི་བཀོད་པ་ནི་ཐུན་མོང་མ་ཡིན་པ་③ ཡོད་པ་སྟེ། དེ་ཡང་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པས་དབུ་རྩེ་ཡང་ཐོག་རྒྱ་གར་གྱི་ལུགས་སུ་ཤིང་ལས་གྲུབ་པ་དང་།རྒྱ་ནག་ནི་ཞང་པོ་གཉེན་འབྲེལ་ཡིན་པས་བར་ཐོག་རྒྱ་ནག་གི་ལུགས་སུ་སོ་ཕག་ལས་གྲུབ་པ། བོད་རྣམས་ཆོས་ལ་འགུགས་པའི་ཆེད་དུ་འོག་ཐོག་བོད་ཀྱི་ལུགས་སུ་རྡོ་ལས་གྲུབ་པ་བཅས་སུ་བཞེངས་པས་མཚན་④ བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་སུ་གྲགས་ལ།ནང་གི་བཀོད་པ་ནི་ཐོག་དཔངས་མཐོ་ལ་བར་ཁང་སྟེང་ཁང་རྣམས་དཀར་ཆ་དོད་པ། འཁོར་ས་ཕྱི་ནང་བར་གསུམ་དང་བཅས་ལྡེབས་རིས་དང་བརྐོས་དཀྲོལ་གྱི་མཛེས་བཀོད་ཕུན་སུམ་ཚོགས་པའི་ཁྱད་ཆོས་དང་ལྡན་པ་ཞིག་ཡོད། ལྷག་པར་དུ་སྟེང་ཐོག་ལ་ཆ་མཚོན་ན་ཕྱི་⑤ རྩིག་པ་མེད་པ། ནང་དུ་ཀ་བ་མེད་པ་སོགས་བཟོ་སྣ་བཅུ་གསུམ་གྱི་ཁྱད་ཆོས་དང་བཅས་བསྐྲུན་པར་གྲགས་པ་ལྟར། ཤིང་སང་གླིང་སྣ་གཅིག་རྩེག་གཉིས་སྣོན་གྱི་སྟེང་དུ་ཤིང་སང་ཇེ་རིང་དང་གླང་སྣ་ཇེ་ཆེར་བཏང་སྟེ་ཐོག་བཀབ་ཡོད་པ་དེ། བོད་ཀྱི་འཛུགས་སྐྲུན་དངོས་པོ་གཞན་དང་མི་འདྲ་ བའི་སྒྱུ་རྩལ་དང་ལག་རྩལ་ཟུང་དུ་འབྲེལ་བ་ཞིག་ཡིན་པ་སྨོས་ཅི་དགོས། དེས་ན། བསམ་ཡས་གཙུག་ལག་ཁང་དེ་ནི་དེ་སྔོན་གྱི་ལོ་རྒྱུས་ཀྱི་འཛུགས་སྐྲུན་ཤུལ་དངོས་རྣམས་དང་མི་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་ཡིན་པ་བལྟས་པ་ཙམ་གྱིས་མཐོང་བར་ནུས་པས།འདི་⑥ བོད་ཀྱི་སྔར་སྲོལ་འཛུགས་སྐྲུན་ལག་རྩལ་གྱི་རྨང་གཞིའི་ཐོགབོད་ལྗོངས་ས་མཐོར་འཚམ་ངེས་ཀྱི་ཕྱིའི་ལག་རྩལ་གྱི་དགེ་མཚན་རྣམས་བསྡུས་⑦ ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་ལག་རྩལ་ཞིག་ཏུ་འཕེལ་རྒྱས་བཏང་བ་ཡིན་པས། མི་རིགས་རིག་གནས་ཀྱི་སྙིང་བཅུད་ཅིག་ཡིན་པ་རྟོགས་པར་ནུས་⑧ ། །
གོང་གི་དུམ་བུ་དང་འབྲེལ་བ་བྱས་ཏེ་གཤམ་གྱི་དྲི་གཞི་ཁག་ལེགས་གྲུབ་གྱིས་ཤིག
23. གོང་གི་སྟོང་ཆའི་ནང་དུ་འོས་ཤིང་འཚམ་པའི་ཕྲད་ཁ་སྐོང་བྱེད་དགོས། སྐར། 8×0.5=4
① ② ③ ④ ⑤ ⑥ ⑦ ⑧
24. བསམ་ཡས་དགོན་པའི་ཕྱིའི་བཟོ་བཀོད་ཇི་ལྟ་བུ་ཡིན། སྐར། 2
ལན།
25. བསམ་ཡས་དགོན་པ་ནི་ཐོག་རྩེག་གསུམ་ལས་གྲུབ་པ་ཡིན་པས་རྩེ་ཐོག་གི་བཟོ་བཀོད་ཇི་ལྟ་བུ་ཡིན།
སྐར། 2
ལན།
26. བསམ་ཡས་གཙུག་ལག་ཁང་གི་འོག་ཐོག་བོད་ལུགས་སུ་རྡོ་ལས་གྲུབ་དགོས་དོན་གང་ཡིན། སྐར། 2
ལན།
27. སློབ་ཚན་དང་འབྲེལ་བ་བྱས་ཏེ་གཤམ་གྱི་རྗོད་དུམ་ཁག་འགྲིག་མིན་བརྡར་ཤ་གཅོད། སྐར། 4
① བསམ་ཡས་གཙུག་ལག་ཁང་ནི་ཐོག་བརྩེགས་བཅུ་གསུམ་ལས་གྲུབ་པ་ཡིན།( )
② བོད་དུ་ཡིག་བསྒྱུར་ཁང་ཐོག་མར་འཛུགས་ས་ནི་བསམ་ཡས་གཙུག་ལག་ཁང་ཡིན།( )
③ རྒྱ་ནག་དང་ཞང་པོ་གཉེན་འབྲེལ་ཐོག་མར་འཛུགས་མཁན་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡིན།( )
④ བསམ་ཡས་དགོན་པའི་བཟོ་བཀོད་ནི་བོད་མི་རིགས་རང་ཉིད་ཀྱིས་བཟོ་ལས་མཁས་པོས་བཞེངས་པའི་རིག་དངོས་ཤུལ་བཞག་ཅིག་ཡིན།( )
ལྟ་ཀློག་དང་དབྱེ་ཞིབ་གཉིས་པ། སྐར། 14
28. མཐོན་མཐིང་རལ་པའི་ལན་བུ་རླུང་གིས་བསྐྱོད། །
བཅུ་དྲུག་གཞོན་ནུའི་སྒེག་འཆང་ལུས་ཕྲའི་གཟུགས། །
འཇམ་མཉེན་ཕྱག་སོར་རྩེ་ན་ཏམ་བུ་རས། །
སྙན་པའི་དབྱངས་འཁྲོལ་ཚངས་སྲས་ངག་གི་ལྷ། །
① གོང་གི་ཚིགས་བཅད་འདི་རང་བཞིན་བརྗོད་པའི་རྒྱན་གྱི་ནང་གསེས་གང་གི་དཔེར་བརྗོད་ཡིན།2
ལན།
② གོང་གི་ཚིགས་བཅད་འདིའི་ཚེག་བར་ཆ་ཡ་འཁེལ་སྟངས་ཇི་ལྟར་ཡིན། སྐར། 2
ལན།
③ རང་བཞིན་བརྗོད་པའི་རྒྱན་གྱི་གོ་དོན། སྐར། 2
དངོས་པོའི་རང་བཞིན་གནས་སྐབས་སོགས། ། གང་ཡིན་དེ་ལས་གཞན་དུ་ནི།། ། །
། །བརྗོད་པ་རང་བཞིན་བརྗོད་པའི་རྒྱན།།
④ མིང་ལ་འགྲེལ་པ་གྱིས་ཤིག སྐར། 3
མཐོན་མཐིང་། སྒེག་འཆང་།
ཕྱག་སོར།
⑤ གཤམ་གསལ་གྱི་ཚིག་རྣམས་རྣམ་དབྱེ་བརྒྱད་ལས་གང་ཡིན་ངོས་འཛིན་དགོས།སྐར། 3
རླུང་གིས་བསྐྱོད། ( )
གཞོན་ནུ། ( )
ཕྱག་སོར་རྩེ་ན་ཏམ་བུ་ར།( )
⑥ གཤམ་གསལ་སྒྲ་འདྲའི་ཡི་གེར་ཚིག་གྲོགས་རེ་སྦྱོར་དགོས། སྐར། 4×0.5=2
(ཚིགས་བཅད་་ནང་གི་མ་ཡིག་ཇི་བཞིན་བྲིས་ཚེ་སྐར་མི་སྤྲོད)
རླུང་། མཉེན།
ཀླུང་། གཉེན།
གསུམ་པ། ཕྱོགས་བསྡུས་རང་བཞིན་གྱི་སློབ་སྦྱོང་། སྐར། 5
རྩོམ་ཡིག་ཀློག་པ་ནི་མིའི་རིགས་ལ་དབང་བའི་དམིགས་བསལ་གྱི་ལོངས་སྤྱོད་ཅིག་ཡིན།དེང་རབས་ཀྱི་རྩོམ་ཡིག་ཀློག་ཚེ། དེང་གི་མི་རྣམས་དང་བསམ་བློ་བརྗེ་རེས་ཐུབ་པ་དང་། གནའ་རབས་ཀྱི་རྩོམ་ཡིག་ཀློག་ཚེ།དམ་པ་གོང་མ་དག་གི་བློ་གྲོས་དང་ཤེས་རིག་གི་ཉིང་བཅུད་ཤེས་རྟོགས་དང་རྒྱུད་འཛིན་བྱེད་ཐུབ།དེས་ན་དཔེ་དེབ་ཀློག་ཚེ་མིའི་རིགས་ཀྱི་རིག་གནས་དང་མཛད་རྗེས་མཐའ་དག་ཉམས་སུ་མྱོང་ཐུབ།འོ་ན་ཁྱོད་རང་ལོ་ངོ་དགུ་ཙམ་སློབ་གྲྭའི་ར་བའི་ནང་རྩོམ་ཡིག་མི་ཉུང་བ་ཞིག་ བཀླགས་མྱོང་ཡོད་ཤག ཁྱེད་ཀྱི་སེམས་ཀྱི་དཀྱིལ་དབུས་སུ་དགའ་བ་ཆེན་པོ་སྐྱེས་པའི་རྩོམ་ཡིག་ཡོང་སྲིད་ལ། ཡང་ན་སྐྱོ་གདུང་གི་མིག་ཆུ་ཟམ་མི་ཆད་པར་ལྷུང་མྱོང་བའི་རྩོམ་ཡིག་ཡང་ཡོད་སྲིད། མདོར་ན་ཁྱོད་ལ་དགའ་སྐྱོ་ཆགས་སྡང་སྐྱེས་པའི་རྩོམ་ཡིག་གང་རུང་གཅིག་བཀླགས་པའི་མྱོང་ཚོར་མདོར་ བསྡུས་ཤིག་བྲིས་དང་།
བཞི་པ། རྩོམ་ཡིག་འབྲི་རྒྱུ། བསྡོམས་སྐར།32
མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད། ཅེས་གསུངས་པ་ལྟར་སློབ་ སྦྱོང་གི་དཀའ་སྡུག་ཐམས་ཅད་སྡུག་རུས་བསྐྱེད་ནས་སེལ་ན། ཡོན་ཏན་ཐམས་ཅད་ངང་གིས་རང་རྒྱུད་ལ་འབྱོར་ཐུབ་པ་ཡིན། སྔོན་བྱོན་གྱི་སྐྱེས་བུ་དམ་པ་སྟེ། གསར་གཏོད་པ་དང་། ཚན་རིག་པ། རྩོམ་རིག་པ། ཆབ་སྲིད་པ། བསམ་བློ་བ་སོགས་ཀྱིས་ཀྱང་སློབ་སྦྱོང་ལ་དཀའ་བ་སྤྱད་པས་ད་གཟོད་ལེགས་འགྲུབ་བྱུང་བ་ཡིན་ལ། ལེགས་འགྲུབ་བྱུང་བའི་བྱ་རིམ་ཁྲོད་དུ་ཁོ་ཚོ་ལ་ཡང་དཀའ་སྡུག་མང་པོ་འཕྲད་ཡོད། དེའི་ཕྱིར། སློབ་སྦྱོང་གི་བྱ་རིམ་ཁྲོད་དུ་འཕྲད་པའི་དཀའ་སྡུག་དེ་དག་ལ་ཡང་དག་པའི་རྣམ་འགྱུར་ཞིག་འཛིན་པ་དང་། གང་ལ་དེ་འཚམ་གྱིས་ཐབས་སྤྱད་དེ་དཀའ་སྡུག་དེ་དག་གང་ལེགས་ཀྱིས་སེལ་རྒྱུ་ནི་རང་རྒྱུད་ལ་ཡོན་ཏན་ལེགས་པོ་ཞིག་འབྱོར་མིན་དང་རང་ཉིད་ལེགས་འགྲུབ་བྱུང་མིན་གྱི་འགག་རྩ་ཡིན།དེས་ན《ང་སློབ་སྦྱོང་གི་དཀའ་སྡུག་ལ་མི་སྐྲག》ཅེས་པའི་རྩོམ་ཡིག་གཅིག་འབྲི་བའམ་ཡང་ན་རྩོམ་ཡིག་གི་ཁ་བྱང་གང་རུང་ཞིག་བདམས་ཏེ་འབྲི་དགོས།
རེ་འདུན།
1 ཚིག་སྦྱོར་བདེ་ཞིང་དག་ནོར་ཉུང་བ་བརྗོད་དོན་གསལ་པོར་མཚོན་དགོས།
2 ཁམས་གཙང་ཞིང་ཡིག་གཟུགས་ལེགས་པོ་འབྲི་དགོས།
3 རྩོམ་སྟངས་གང་རུང་འབྲི་ཆོག་ཅིང་། ཚེག་ཁྱིམ༤༠༠ལས་མི་ཉུང་བ་དགོས།