当前位置: 首页 > 特色藏文 > 浅谈怎样培养学生的学习兴趣

浅谈怎样培养学生的学习兴趣

2018年12月04日 11:14:53 访问量:194

སློབ་མའི་དད་སེམས་སྐྱོང་ཐབས་སྐོར་ལ་རགས་ཙམ་གླེང་བ།                                                                                                                                                         ཚེ་རིང་དོན་གྲུབ།

[ནང་དོན་གནད་བསྡུས།]  སློབ་མའི་དད་སེམས་སྐྱོང་ཐུབ་ན་སྦྱངས་བྱའི་གནད་ལ་སྤྲོ་བ་འཕེལ་ཞིང་འབད་པས་འཇུག་པར་བྱ་བ་ཡིན། དཔྱད་རྩོམ་འདིའི་ནང་དགེ་རྒན་ཞིག་གིས་སློབ་མའི་དད་སེམས་ཇི་ལྟར་སྐྱོང་དགོས་པའི་སྐོར་ལ་རང་ངོས་ཀྱི་ཐབས་ཤེས་འགའ་བརྗོད་ཡོད།

[བརྡ་ཆད་གཙོ་བོ།]     དད་སེམས། ཡོན་ཏན།

དད་པ་སྔོན་འགྲོ་མ་ལྟར་སྐྱེས་གྱུར་ན།ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད་ཞེས་གསུངས་པ་ལྟར་ཤེས་བྱ་ཡོན་ཏན་གང་དང་གང་ཞིག་ལ་འཇུག་ཀྱང་ཐོག་མ་མ་ལྟ་བུ་ནི་དད་པ་ཡིན་ཏེ། དད་སེམས་དེས་སློབ་བུའི་རྒྱུད་ལ་བདེ་བ་ཞིག་དང་འོད་སྣང་ཞིག་མངོན་ ནས་དེའི་ཆེད་དུ་ལུས་སེམས་གཉིས་ཀྱི་དཀའ་ཐུབ་བཟོད་ནས་བརྩོན་འགྲུས་ཀྱི་རྟ་ཕོ་ལེགས་ པར་ སྐུལ་ནས་ཤེས་རིག་གི་ཁྱོན་ཡངས་ངོས་འཇུག་པར་སྤྲོ་ལ་འབྲས་བུ་ཐོགས་སུ་སྨིན་པར་ གདོན་མི་ཟ། གལ་ཏེ་དེ་ལས་ལྡོག་ཏེ་དད་སེམས་མེད་གྱུར་སོང་ན་གང་དང་གང་ལ་སྤྲོ་བ་མི་  འཕེལ་ལ་འཇུག་འདོད་དང་བརྩོན་འདོད་ཀྱི་རྒྱུ་དང་བྲལ་བས་འབྲས་བཟང་སྨིན་པའི་བསྐལ་བ་སྟོང་གྱུར་སྟེ་Ÿདད་པ་མེད་པའི་མི་རྣམས་ལ༎དཀར་པོའི་ཆོས་རྣམས་མི་སྐྱེས་ཏེ༎ས་བོན་ མི་ཡིས་འཚིག་པ་ལ།།མྱུ་གུ་སྔོན་པོ་ཇི་བཞིན་ནོ༎ཞེས་པ་ལྟར་སློབ་མའི་དད་སེམས་སྐྱེ་བསྲིང་ཐུབ་པ་བྱ་རྒྱུ་ནི་འཕྲལ་ཕུགས་གཉིས་སུ་ཕན་པ་ཆེ་བ་མངོན་སུམ་མཐོང་ཆོས་སུ་སྣང་བས་ དད་སེམས་ནི་རྩ་བའི་ནང་གི་རྩ་བ་ཞིག་ཏུ་སོམས་ནས་ཁོ་བོས་སློབ་མའི་དད་སེམས་སྐྱོང་  བའི་ཐད་ལ་རང་ཉིད་ཀྱི་འཇོན་ཚོད་དང་ཤེས་ཚོད་དཔག་ཚོད་ཀྱི་ལྟ་ཚུལ་ལམ་བསམ་ཚུལ་  འགའ་ཐལ་སོང་བས་ཀུན་གྱི་རེ་བ་དང་བསམ་འཆར་གང་མང་ཡོད་པའི་འདུན་པ་ཤིན་ཏུ་ཆེ།

གཅིག  བྱམས་སྐྱོང་གིས་བསྐྲུན་པའི་དད་སེམས།

དགེ་རྒན་གང་དང་གང་ཞིག་ཡིན་རུང་དང་ཐོག་རང་མཐོ་རང་ཆེའི་བསམ་པ་སྤངས་ནས་   སློབ་ཕྲུག་བར་ལ་མཛའ་མཐུན་གྱི འབྲེལ་བ་ཡང་དག་གཅིག་བཙུགས་དགོས་པ་ནི་ལས་གང་དེའི་སྔོན་འགྲོ་ལྟ་བུ་ཡིན།སློབ་མའི་གཤིས་དང་སྤྱོད་ལ་རྒྱུས་མངའ་ལེགས་པར་ལོནཔར་བྱས་ ནས་ཁོ་ཚོར་བྱམས་སྐྱོངས་གི་བརྩེ་བ་དྲོ་མ་ཞིག་སྦྱིན་དགོས་པ་ནི་ཧ་ཅང་གི་འགངས་ཆེ་བ་ཞིག་ཡིན།གང་ཡིན་ཟེར་ན།ནར་སོ་དར་ལ་མ་བབ་པའི་སློབ་འབྲིང་སློབ་མ་ཞིག་ལ་ཆ་མཚོན་ན་ཁོ་ཚོའི་རང་བཅུན་རང་སྲུང་གི་ནུས་པ་ཞན་ཁར་གཏམ་དང་བྱ་བ་གང་ཞིག་སྒྲུབ་ཀྱང་གཞན་གྱི་བརྩེ་བ་དང་བྱམས་སྐྱོངས། གཞན་ལ་བརྟེན་འདོད་ཀྱི་བསམ་པ་ཤུགས་ཕྱིར་ལྡན་པས། སློབ་ བུ་ཕལ་མོ་ཆེས་སློབ་ཁྲིད་སྔ་རྗེས་སུ་དགེ་རྒན་གང་ཞིག་གིས་བརྩེ་བ་དང་བྱམས་སྐྱོངས་མང་བ་   གནང་བ་དེ་རྩིས་ཀྱིས་ཁྲིད་བྱར་གྱུར་པའི་དགེ་རྒན་དེར་དགའ་སྣང་དང་དད་མོས་ཆེ་བ་    བཅངས་ལ་དེའི་རིག་ཚན་ལ་ཡང་སྦྱོངས་འདོད་ཆེ་ཞིང་འབད་པས་བཞུགས་པ་བྱ་སྟེ་དད་ པ་གཏིང་སྐུལ་མ་ལྟར་སྐྱེས་གྱུར་ན།ཡོན་ཏན་ཐམས་ཅད་སྐྱེས་ཞིང་སྲུང་ཞིང་འཕེལ་ཞེས་པ་ལྟར་སློབ་ཁྲིད་ཀྱི་སྦྱངས་འབྲས་ཀྱང་མི་དམན་པ་ཞིག་ཐོབ་སྲིད། དེ་ལས་ལྡོག་ཏེ་བསམ་པ་ཆེ་ བ་དང་ལྡན་ཅིང་།སློབ་མས་ཤེས་མ་ཤེས་དང་བྱུང་མ་བྱུང་ཀྱི་གནས་སྐབས་སུ་ལམ་སེང་གཏམ་དང་སྦྱོར་བ་དྲག་པོའི་ལམ་ནས་བཀོལ་བར་བྱ་ན་ཁྲིད་བྱའི་སྙིང་ཉེའི་སེམས་དབུས་སུ་དོ་ཁུར་ཙམ་ཡང་ཚོར་མ་ཐུབ། དེ་ལྟར་རྒྱུན་མི་རིང་བར་ཁོ་ཚོའི་དད་སེམས་ཉམས་ནས་དད་པའི་དྲི་ ཙམ་ཡང་མི་གནས་ཤིང་ཐ་ན་དགེ་རྒན་དེར་འཁར་ར་དང་ད་དད་པའི་བློ་སྐྱེད་སྲིད། དེའི་    སྟོབས་ཀྱིས་ཁྲིད་བྱར་གྱུར་པའི་རིག་ཚན་དེར་སུན་སྣང་དང་འཇུག་འདོད་མི་བྱེད་ལ་དེ་ལས་སྐྱོ་དགོས་པ་ཞིག་ལ་སྤངས་ཟེར་བའི་གོམས་གཤིས་ངན་པ་ཞིག་ཆགས་འགྲོ་བ་ནི་གདོན་ མི་ཟ་བས། དགེ་རྒན་གང་འདྲ་ཞིག་ཡིན་རུང་དང་ཐོག་སློབ་མར་རྒྱུས་ལོན་གྱིས་ཁོ་ཚོའི་རྒྱུད་ ལ་བརྩེ་བ་དང་བྱམས་སྐྱོངས་ཀྱིས་སློབ་མའི་བརྩི་འཇོག་དང་དད་སེམས་ཀྱི་བློ་ཁ་ཕྱོགས་སའི་  ཡུལ་ཞིག་ཏུ་བསྐྲུན་དགོས།

གཉིས མཚར་སྣང་གིས་བསྐྲུན་པའི་དད་སེམས།

དེང་གིས་དུས་འདིར་རང་ཅག་མི་རིགས་ཀྱི་གཞོན་ནུ་སྐད་ཡིག་ལ་དག་སྣང་མེད་ཁར་སྤྲོ་བ་མི་འཕེལ་ལ་སྐད་ཡིག་གི་རྨང་གཞིའི་ཆུ་ཚད་ལོ་རེ་ལས་ལོ་རེ་མི་འདས་པར་ཞན་དུ་གྱུར་བའི་རྒྱུ་རྐྱེན་གཅིག་ནི་ཁོ་ཚོའི་མཚར་སྣང་གི་སྤྲོ་བ་མི་འཕེལ་བ་ཡིན་སྟེ།དེས་རྐྱེན་པས་དད་སེམས་ཡང་ཉམས་འགྲོ་བ་ཡིན།ཚན་རིག་ཤེས་བྱ་ཡར་མངོན་ཟླ་ལྟར་འཕེལ་བའི་དུས་འདིར་རྒྱུན་སྤྱོད་ཀྱི་འཚོ་བའི་ཡོ་ཆད་དང་སྐད་ཡིག་གི་རིག་ཚན་མང་དག་གཅིག་གི་སྦྱོངས་སྤྱོད་སྤེལ་གསུམ་བོད་སྐད་ཡིག་ལམ་ནས་མ་ཡིན་པར་རྒྱ་སྐད་ཡིག་ལམ་ནས་ཡིན་སྟབས་ཁོ་ཚོས་ཀྱང་དེ་ལྟའི་སྐད་ཡིག་གི་ལ་བརྟེན་ནས་དེའི་ནང་གི་མཚར་སྣང་དང་སྤྲོ་སྣང་ལ་རོལ་ནས་དད་སེམས་ཀྱི་བློ་མོས་རང་བཞིན་དེ་ཕྱོགས་སུ་སྙེགས་བ་འགྲོ་ཡིན།བོད་སྐད་ཡིག་སྦྱོངས་སྤྱོད་ཀྱི་ཐུན་རྐྱེན་ཉུང་ལ་  སློབ་ཁྲིད་དུས་ཐུང་ཡིན་པས་སྐད་ཡིག་སློབ་ཁྲིད་མཁན་གྱི་ཕྲག་ཐོག་གི་འོས་འགན་ནི་ལྕི་མོ་  ཡིན་པས་ང་ཚོས་མཚར་སྣང་དང་སྤྲོ་སྣང་ལྡན་པའི་སློབ་ཁྲིད་ཚོགས་ཐུན་ལ་བརྟེན་ནས་ཁོ་ཚོའི་དད་སེམས་འགུག་དགོས་པ་སྟེ་སློབ་ཁྲིད་སྐབས་བསླབ་ཚན་གྱི་ནང་དོན་དང་དེ་འབྲེལ་གྱི་ལོ་རྒྱུས་ཀྱི་གནས་ཚུལ།སྒྲུང་གཏམ་སོགས་གང་ཐུབ་ཀྱི་ངག་ཐོག་ནས་སྣང་བརྙན་ལྡན་པ་ཞིག་ཁྲིད་དགོས་པ་དང་དོགས་སློང་དང་བསམ་གཞིགས་ཀྱི་གནད་དོན་སྐབས་རང་ཉིད་གཙོ་བོར་མི་འཛིན་པར་སློབ་མ་གཙོ་བཞུགས་སུ་བྱས་ནས་ཁོ་ཚོའི་མཚར་སྣང་དང་བསམ་གཞིགས་ཀྱི་སྤྲོ་སྣང་འཕེལ་ཏུ་བཅུག་ནས་ཡིད་ཀྱི་དད་ཁ་ཕྱེ་ཐུབ་པ་དགོས།དེ་འདྲ་བྱུང་ན་ཁོ་ཚོས་སྤྲོ་ སྣང་ཆེན་པོས་རིག་ཚན་དེར་འཇུག་ལ་དེ་སྦྱོང་བའི་འདུན་པ་དྲག་པོ་ཡང་སྐྱེ་སྲིད།

གསུམ། ཐབས་མཁས་ཀྱིས་བསྐྲུན་པའི་དད་སེམས།

ཇུས་ཤེས་ན་དམྱལ་བར་འགྲོ་མི་དགོས་ཞེས་པ་ལྟར་སློབ་མའི་དད་པ་སློང་བར་དགེ་རྒན་གྱི་ཐབས་ཤེས་མང་དུ་སྤྱད་ཆོག་པ་སྟེ།སྲོལ་རྒྱུན་གྱི་ནག་པང་སློབ་ཁྲིད་དགེ་རྒན་གྱིས་འཆད་ཤག་ཤག་དང་སློབ་ཕྲུག་གིས་ཉན་ཤག་ཤག་ཁོ་ནར་བརྟེན་པ་ན་སློབ་མའི་གནས་བབ་ཕལ་པར་གྱུར་ནས་སློབ་ཁྲིད་ཀྱི་རྣམ་པ་སྣ་རྐྱང་ཅན་དུ་གྱུར་ནས་ཡང་ཡང་ཨ་ཅོའི་གླུ་ལྟ་བུར་སོང་ནས་ཉན་པར་མི་འདོད་ལ་སྦྱོང་འདོད་ཀྱི་དད་སེམས་ཉམས་པར་གྱུར་ཉེན་ཡོད་པས་ང་ཚོས་ངེས་པར་དུ་སློབ་ཁྲིད་སྐབས་ཐབས་ལ་མཁས་པ་དགོས་པ་སྟེ།སློབ་ཁྲིད་དངོས་འཇུག་ནང་ སློབ་ཚན་དང་འབྲེལ་བ་ཆེ་ལ་དོན་སྙིང་ལྡན་ལྡན་པའི་པར་རིས་དང་གཟུགས་བརྙན།སྒྲ་སྦྱོར་སོགས་དེང་དུས་ཀྱི་སློབ་ཁྲིད་བརྙན་ཆས་ལམ་ནས་ཁྲིད་པར་བྱ་ན་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ལ་སློབ་མའི་བློ་ཁ་ཡང་ཕྱོགས་ཐུབ།གཞན་ཡང་།སློབ་མའི་ནུས་ཚད་ལ་གཞིགས་ནས་ཀློག་འདོན་དང་འབྲི་སྦྱོང་བྱེད་དུ་བཅུག་ནས་ཡར་རྒྱས་ཕྱིན་པའི་གནས་ལ་བསྔགས་བརྗོད་དང་སྐྱོན་དང་ནོར་འཁྲུལ་ལྷག་པའི་གནས་སྐབས་སུ་ཐབས་མཁས་ཀྱིས་ཡོ་བསྲང་བྱ་བ་ལས་མི་གཤིས་དང་ཚིག་ངན།ངན་རྡུང་དྲག་པོ་སོགས་རྩ་བ་ནས་བྱ་མི་རུང་།དེ་འདྲ་བྱ་ན་ནར་མ་སོན་པའི་བསམ་བློ་ཕྲ་མོའི་སྟེང་ཐེག་དཀའ་བའི་སྡུག་བསྔལ་བྱུང་ལ་འཁོན་འཛིན་གྱི་མྱུ་གུ་ཡང་འབུད་སྲིད་ཅིང་དད་སེམས་ཡང་མེད་པར་ཆགས་འགྲོ་བས་ཐབས་བརྒྱ་ཇུས་སྟོང་གིས་སློབ་མའི་དད་སེམས་དང་སྤྲོ་བ་འཕེལ་ཐབས་ལ་འབུངས་ནས་ཁྲིད་བྱར་གྱུར་པའི་རིག་ཚན་ལ་དགའ་ཞེན་སྐྱེ་ཐབས་བྱ་དགོས།

 མདོར་ན། སློབ་གསོ་མཁས་ཅན་ཐོའོ་ཨ་སེ་ཏིས་ལེགས་གྲུབ་ཀྱི་སློབ་གསོ་སློབ་ཁྲིད་ནི་སློབ་མར་བཙན་དབང་གིས་ཤེས་སུ་བཅུག་པ་མ་ཡིན་པར་སློབ་མའི་དད་སེམས་ཀྱིས་སྦྱོང་འདོད་རྙེད་པ་བྱེད་པ་དེ་ཡིན་ཞེས་གསུངས་པ་ལྟར་དད་པའི་སྟོབས་ལས་བྱུང་བའི་ས་བོན་ཤུག་རྡོག་ཅིག་ནམ་མཁའི་གུང་དུ་སྙེགས་པར་བྱེད་པའི་སྡོང་རྒན་ཞིག་ཏུ་གྱུར་བ་བཞིན་དེའི་འབྲས་བུ་ནི་ཧ་ཅང་གི་ཆེ་བ་ཞིག་ཡིན་ལ།གཞན་ཡང་དད་པ་ནི་དགེ་རྒན་ཡག་ཤོས་དེ་ཡིན།མི་ཞིག་དད་པ་དང་འདུན་པ་གཉིས་གཅིག་ཏུ་སྡུད་ན་གྲུབ་འབྲས་དང་ཐག་ཤིན་ཏུ་ཉེ་བ་ཡིན་ཞེས་གསུངས་པ་ལྟར་སློབ་ཁྲིད་ལེགས་གྲུབ་བྱུང་མ་བྱུང་གི་གཞི་འཛིན་སའི་ཐབས་ཤེས་ནི་ཧ་ཅང་སྟབས་བདེ་པོ་ཡིན་ཏེ།སློབ་མས་སློབ་སྦྱོང་བྱས་རྗེས་རང་གི་སྦྱངས་བྱའི་སྐད་ཡིག་འདི་ལ་དགའ་ཞེན་ཆེ་རུ་སོང་བ་ཡིན་ནམ།དེ་ལས་ལྡོག་ཏེ་དེ་ལས་སྐྱོ་སྣང་དང་སུན་སྣང་སྟེར་བ་ཡིན།སློབ་ཁྲིད་ཀྱིས་བྱ་བར་འཇུག་པའི་དགེ་རྒན་གང་ཞིག་ཡིན་རུང་སློབ་མའི་དད་སེམས་བསྔོགས་འདོན་དང་གསོ་སྐྱོང་བྱེད་ཐུབ་པ་བྱ་རྒྱུ་ནི་སློབ་ཁྲིད་ལེགས་གྲུབ་བྱུང་མ་བྱུང་གི་འགག་རྩ་ཡིན་པས་དད་སེམས་སློང་བའི་ཐབས་ལ་སྐུལ་བ་བྱ་བ་ནི་ལེགས་གྲུབ་བྱུང་བའི་སློབ་ཁྲིད་ཡིན།

编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心