当前位置: 首页 > 校园新闻 > 萨迦县中学藏文组举行2018-2019第一学期藏文听课活动

萨迦县中学藏文组举行2018-2019第一学期藏文听课活动

2018年10月26日 12:49:48 访问量:464

སློབ་ཁྲིད་ཉན་པའི་བྱེད་སྒོ་སྤེལ་བ།

     རང་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་གོམ་གང་མདུན་སྤོས་ཀྱིས་གོང་མཐོར་གཏོང་ཕྱིར་དང་།    དགེ་རྒན་གྱི་སློབ་ཁྲིད་ནུས་པ་སྔར་བས་ཇེ་ལེགས་སུ་འགྲོ་ཐུབ་ཕྱིར།   རང་སློབ་གྲྭའི་སློབ་དཔྱོད་ཁང་གིས་བཀོད་སྒྲིག་གཞིར་བཟུང་སློབ་དུས་རེའི་རྒྱུན་གཏན་རང་བཞིན་གྱི་བསླབ་ཚན་ཉན་པའི་བྱེད་སྒོ་སྤེལ་ཡོད།

     ད་ཐེངས་ཀྱི་སློབ་ཁྲིད་ཉན་པའི་བྱེད་སྒོའི་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་དང་།  གོང་རིམ་གྱི་བཀའ་བཀོད་བཞིན་ལོ་རིམ་ཁག་བགོས་དང་རིགས་ཚན་ཁག་བགོས་ཀྱི་སྒོ་ནས་བྱེད་སྒོ་སྤེལ་ཡོད་ཅིང་།  སློབ་ཁྲིད་ཀྱི་ནང་དོན་ཆ་ནས་ལོ་རིམ་རེའི་རིག་ཚན་གཅིག་གི་བསླབ་ཁྲིད་ནང་དོན་གཏན་འཁེལ་བྱས་ཏེ་བསླབ་གཞིའི་ནང་དོན་གཅིག་ལ་དགེ་རྒན་སོ་སོའི་བློ་བཀོད་མི་འདྲ་བའི་ཁྲིད་ཐབས་ཇི་ལྟར་སྤྱད་ཚུལ་གཙོར་བཟུང་གི་བྱ་ཐབས་སྤེལ་བས་དགེ་རྒན་ཕལ་མོ་ཆེའི་སེམས་རྒྱུད་ལ་སྔར་མེད་ཀྱི་ཁྲིད་ཐབས་གསར་དང་བློ་སྐྱེད་མི་དམན་པ་ཐོབ་པ་བྱུང་ཡོད་ལ། རང་གི་ད་ཐེངས་དང་སྔོན་ཆད་ཀྱི་སློབ་ཁྲིད་བྱ་ཐབས་ལ་མི་འདང་བའི་ཆ་དང་སྐྱོན་གྱི་ཆ་གང་དག་གནས་ཡོད་མིན་དང་། འབྱུང་འགྱུར་ཇི་ལྟར་བྱས་ཏེ་སྐྱོན་གྱི་ཆ་རྣམས་སེལ་དགོས་མིན། དེ་བཞིན་ལས་རོགས་གཞན་གྱི་སློབ་ཁྲིད་བྱ་ཐབས་གསར་པ་དང་། སློབ་ཁྲིད་ནང་དོན་གཙོ་གནད་བསྡུ་ལེན་ནམ་གཙོ་ཕལ་དབྱེ་གསེས་བྱ་ཐབས། སློབ་མའི་བློ་སེམས་སྐོང་ཐབས། དུས་ཚོད་བཀོད་སྒྲིག་བྱ་ཐབས། ནག་པར་འཆར་བཀོད་བྱ་ཐབས། བསླབ་ཁྲིད་ནང་དོན་གྱི་གོ་རིམ་སྒྲིག་སྟངས་སོགས་ཕྱོགས་ཡོངས་ནས་རང་ལ་སྔར་ན་མེད་པའི་ཤེས་བྱ་གསར་པ་གང་མང་ཐོབ་སྲིད་པ་མ་ཟད། རྒྱུན་གཏན་རང་གི་སློབ་ཁྲིད་ཁྲོད་ཀྱི་འཁྲུལ་ལྟ་མི་ཉུང་ཞིག་དྲུངས་ནས་འབྱིན་ཐུབ་པ་བྱུང་ཡོད།
  • 附件(1个)
  • 10.10听课安排.doc (286kb) 下载
编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心