当前位置: 首页 > 教研活动 > ༤ • ༣༠༼ ཨ་ནུའི་མཐེབ་རྩལ་ ༽ཞེས་པའི་བོད་ཡིག་ཡིག་གཟུགས་འགྲན་སྡུར་གྱི་བྱེད་སྒོ།

༤ • ༣༠༼ ཨ་ནུའི་མཐེབ་རྩལ་ ༽ཞེས་པའི་བོད་ཡིག་ཡིག་གཟུགས་འགྲན་སྡུར་གྱི་བྱེད་སྒོ།

2023年05月08日 12:20:07 访问量:1362 作者:教研室


སྤྱི་ཟླ༤པའི་ཚེས༣༠ཉིན། རང་སློབ་འབྲིང་གི་གཅིག་གྱུར་བཀོད་འདོམས་འོག་

b16de6250c0a34089108acd1378e642

སློབ་དཔྱོད་ཁང་དང་བོད་ཡིག་སློབ་དཔྱོད་ཙུའུ་གཉིས་ཀྱིས་སྒྲུབ་འགན་ཁུར་བའི་ས་སྐྱ་རྫོང་སློབ་འབྲིང་གི་སྐབས་བཞི་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་གཞོན་ནུའི་བྱེད་སྒོ་ལྟེ་ནས་སུ་སྤེལ་བ་རེད།

   དེ་ཡང་དང་ཐོག་རང་སློབ་གྲྭའི་སློབ་སྤྱི་སྐུ་གཞོན་ཟླ་རྒྱལ་ལགས་ནས་བོད་ཡིག་ཡིག་གཟུགས་དུས་ཆེན་གྱི་འབྱུང་ཁུངས་དང་མཚོན་རྟགས། དེ་བཞིན་འབྲི་སྟངས་ཐད་ལ་དམིགས་བསལ་གྱི་བླང་བྱ་དང་བཀའ་སློབ་གནང་བ་དང་ཧྲུའུ་ཅི་བུ་ཆུང་མཆོག་ནས་རང་ཉིད་ཀྱི་བོད་ཡིག་སྦྱངས་བའི་མྱོང་བ་གླེང་བའི་ཐོག་ནས་སློབ་མར་བོད་སྐད་ཡིག་ལ་དགའ་ཞེན་དང་ཡིག་གཟུགས་ལ་སྦྱོངས་བྲིས་བྱ་དགོས་པའི་སྐུལ་མ་ནན་ཏར་གནང་།

730ee75bdadf527e516fd0b700221ae

  ཐེངས་འདིའི་འགྲན་བསྡུར་ཐོག་རང་སློབ་གྲྭའི་དབུ་ཁྲིད་རྣམ་པ་དང་བོད་ཡིག་དགེ་རྒན་ཡོངས། ལོ་རིམ་གསུམ་གྱི་ཡིག་གཟུགས་དགའ་ཞེན་ཅན་སློབ་མ་ཁྱོན་མི་གྲངས་༨༦བཅས་ཀྱི་ས་ཡུལ་དངོས་སུ་རང་སར་དབུ་ཅན་དང་དབུ་མེད་སོགས་བྲིས་སྣ་མི་འདྲ་བའི་བརྩམས་ཆོས༡༠༠ལྷག་བྲིས་བསྡུས་བྱུང་ཤིང་། དེ་ལ་ལོ་རིམ་ཁག་གི་དགེ་རྒན་མཉམ་བགོས་ཀྱིས་དཔྱད་འདེམས་གནང་ནས་ཞིབ་བརྟག་དང་དཔྱད་བརྗོད་བྱས་མཐར་བྲིས་ཀྱི་ཨང་དང་པོའི་བྱ་དགའ་༩དང་། གཉིས་པ༡༥། གསུམ་པ༢༡བཅས་དང་། དེ་བཞིན་སྐུལ་སློང་ཕུལ་བྱུང་བྱ་དགའ་༣༠བཅས་བསྡོམས་པའི་བྲིས་གཟུགས༨༦ལྷག་ལ་དཔྱད་བདམས་བྱས་པ་རེད།

 

编辑:张竞赛
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心