༢༠༡༦ལོའི་སློབ་འབྲིང་ལོ་རིམ་བདུན་པའི་སློབ་དུས་དང་པོའི་སློབ་དཀྱིལ་བོད་ཡིག་རྒྱུགས་ཤོག
འཛིན་གྲྭ རུས་མིང་། ཐོབ་སྐར།
དང་པོ། རྨང་གཞིའི་ཤེས་བྱ།
གཅིག འདེམས་འཇུག་དྲི་བ། ༼༡༠×༡=༡༠༽
༡༽“དཀར་གསལ་ཟླ་འོད་འཕྲོ་བའི་མཚན་མོ་ཡི་དུས་སུ།། གསེར་གྱི་བཞོ་གཟུང་བཏགས་པའི་འཇོ་སྒེག་གི་བུ་མོས།། དགོ་དགོ་གླུ་དབྱངས་ངག་གི་དབྱངས་རྟ་ལ་འགུགས་བཞིན།། འབྲི་མའི་འོ་མ་བཞོ་བའི་ངང་ཚུལ་ཡང་དྲན་བྱུང་།། ”ཞེས་པས ༼ ༽མཚོན་པར་བྱས་ཡོད །
ཀ རྩྭ་ཐང་གི་མཛེས་ཞིང་ཡིད་དུ་འོང་བའི་རྣམ་པ། ཁ འཇོ་སྒེག་གི་བུ་མོས་སྙན་ཞིང་འཇེབས་པའི་གླུ་དབྱངས་ལེན་པ། ག རྩྭ་ཐང་གི་མཚན་ལྗོངས །
༢༽ སླར་བསྡུའི་མིང་གི་རྣམ་གྲངས་ལ་ ༼ ༽གཉིས་ཡོད །
ཀ སླར་བསྡུ་དང་རྫོགས་ཚིག། ཁ རྫོགས་ཚིག་དང་ཟླ་སྡུད། ག སླར་བསྡུ་དང་ཟླ་སྡུད།
༣༽ མགོ་འདོགས་ཝ་བཏགས་ཅན་གྱི་ཡི་གེ་༼ ༽ ཡོད །
ཀ བཅུ་གཉིས ། ཁ གསུམ ། ག བཅུ །
༤༽ ཁྱུ་དང་སྐོར། སྤྱི་ལེ། འདོམ་པ་སོགས་ནི ༼ ༽ཡིན །
ཀ ཚད་འཛིན་པའི་མིང་ཡིན ། ཁ རྩིས་གཞི་སྟོན་པའི་མིང་ཡིན ། ག རིམ་པ་སྟོན་པའི་མིང་ཡིན །
༥༽སློབ་ཁྲིད་སྐབས་སུ་ཅུང་ཟད་རྟོགས་ཀྱང་དྲན་པས་མ་བསྐྱངས་པས་བརྗེད་སོང་བ་ནི་༼ ༽ལྟ་བུའི་སྐྱོན་ཡིན ། ཀ སྣོད་ཁ་སྦུབ། ཁ སྣོད་དྲི་མ་ཅན ། ག སྣོད་ཞབས་རྡོལ །
༦༽མིང་ལ་གྲུབ་ཚུལ་ལམ་འདོགས་སྟངས་ཀྱི་སྒོ་ནས་དབྱེ་ན་༼ ༽གཉིས་ཡོད།
ཀ དངོས་མིང་དང་། བཏགས་མིང་། ཁ འདོད་རྒྱལ་གྱི་མིང་དང་། རྗེས་གྲུབ་ཀྱི་མིང་།
ག མིང་རྐྱང་གི་མིང་དང་། བྱ་བའི་མིང་།
༧༽ སྙན་རྩོམ་ལ་ངོ་བོའི་སྒོ་ནས་དབྱེ་ན་༼ ༽གཉིས་ཡོད།
ཀ རང་མོས་སྙན་རྩོམ་དང་སྲོལ་རྒྱུན་སྙན་རྩོམ ། ཁ དུང་སེམས་མཚོན་པའི་སྙན་རྩོམ་དང་ཡིད་འགྱུར་མཚོན་པའི་སྙན་རྩོམ ། ག དོན་བརྗོད་སྙན་རྩོམ་དང་དུང་སེམས་མཚོན་པའི་སྙན་རྩོམ །
༨༽སྣོད་ཀྱི་སྐྱོན་གསུམ་ཞེས་པའི་སྣོད་དེ་༼ ༽ལ་གོ་དགོས །
ཀ ཕོར་པ ། ཁ ཡོན་ཏན་སློབ་སའི་སློབ་མའི་བློའམ་རིག་པ ། ག ཡོན་ཏན་བསླབ་མཁན་གྱི་དགེ་རྒན །
༩༽ དེ་ནི་དཔེ་ཆའོ་ལྟ་བུའི་འོ་སྒྲ་ནི་༼ ༽ཡིན།
ཀ མིང་གི་རྗེས་སུ་འཇུག་པའི་སླར་བསྡུའི་ཕྲད ། ཁ བྱ་ཚིག་གི་རྗེས་སུ་འཇུག་པའི་སླར་བསྡུའི་ཕྲད །
ག ཚིག་གི་རྗེས་སུ་འཇུག་པའི་སླར་བསྡུའི་ཕྲད །
༡༠༽ འགྱུར་བཞིའི་ལྗོན་ཤིང་གྲུབ་འབྲས་ལོ་འདབ་ཀྱིས་རྒྱན་ཞིང་། ཞེས་པའི་ཚིག་རྐང་དེའི་ནང་གི་དཔེ་ཅན་གྲུབ་འབྲས་ལ་དཔེ་ ༼ ༽བཀོད་ཡོད།
ཀ ལྗོན་ཤིང་། ཁ ལོ་འདབ། ག འགྱུར་བཞི།
གཉིས། གཤམ་གྱི་མངོན་བརྗོད་དེ་དག་གི་མིང་འབྲི་དགོས། སྐར་༼༨×༡=༨༽
༡¸འཛིན་མ། ༢¸ས་འཛིན། ༣¸དལ་འགྲོ་མ།
༤¸སུམ་རྩེན། ༥¸ཀུན་བསལ་བུ་མོ། ༦¸སྐྱེ་བོ།
༧¸དབྱར་སྐྱེས་རྔ། ༨¸འཆི་མེད་ལམ།
གསུམ། གཤམ་གྱི་ནང་དོན་ལ་འགྲིག་མིན་བརྡར་ཤ་གཅོད་དགོས། སྐར་༼༦×༡=༦༽
༡༽མིང་གཞི་རྐྱང་པ་སུམ་ཅུ་ཐམ་པ་ཡོད།( )
༢༽དགྲ་བཅོམ་མོ་ལྟ་བུའི་སླར་བསྡུའི་ཕྲད་"མོ་"དེ་མིང་གི་རྗེས་སུ་འཇུག་པ་ཡིན།( )
༣༽ཡང་འཇུག་ད་ཡིག་འཇུག་ཡུལ་ནི་ར་ལ་ས་གསུམ་ལ་འཇུག( )
༤༽ད་ལྟ་སྤྱོད་བཞིན་པའི་བོད་ཡིག་འདི་སློབ་དཔོན་ཐོན་མའི་སྐུ་རིང་ལ་རྒྱལ་པོ་སྲོང་བཙན་གྱིས་གསར་དུ་བཅོས་སོ།( )
༥༽མགོ་ཅན་ཝ་བཏགས་ཅན་གཅིག་ཡོད་པ་ནི་རྩྭ་ཡིན ། ( )
༦༽རྒྱུ་མཚན་མེད་པར་དངོས་པོ་དེ་ལ་ཐོག་མར་འདོད་པ་ཙམ་གྱི་བརྡ་སྦྱར་བ་དངོས་པོ་དེའི་མིང་དུ་ཆགས་པ་འདོད་པ་ལྟར་རྒྱལ་བར་བྱས་པས་འདོད་རྒྱལ་གྱི་མིང་ཟེར། དཔེར་ན། ལྕགས་རྟ་དང་ས་འགུལ་ལྟ་བུའོ། ( )
བཞི། སྟོང་འཇུག་དྲི་གཞི །༼༡༢×༡=༡༢༽
༡༽ གཤམ་གྱི་སྟོང་ཆར་གོང་འོག་དོན་དང་འཚམ་པའི་བྱེད་འབྲེལ་གྱི་ཕྲད་ཁ་སྐོང་དགོས ། སྐར་༥
1、རྒྱབ་( )ཁུར་བོ་མདུན་( )མཐོ་སར་བཞག ངལ་གསོ་བྱེད་བཞིན་སྐྱིད་པ( )གླུ་ཞིག་བླངས།
2、མཛོད་( )ལྡེ་མིག་གྲོགས་པོས་ལམ་བར་བསྐྱུར། ལྕགས་ཀྱི་ཐོ་བ( )མཛོད་( )སྒོ་ལྩགས་བཅག
3、མདུན་གྱི་སྨྱུ་གུ( )ཤོག་སྟེང་གང་བྱུང་བྲིས། གྲོགས་( )མཐོང་བས་གཞན་ལ་ཤོད་པར་སོང་།
4、ལག་( )ཅ་ལག་ནམ་མཁ( )མཐའ་རུ་གཡུག
༢༽སྣོད་ཀྱི་སྐྱོན་གསུམ་ནི།
༣༽སྤྱིར་བོད་ཀྱི་ཡི་གེར་དབྱེ་ན།
བོད་ཡིག་ཡིག་གཟུགས་ལ་དབྱེ་ན་
ལྔ། དྲི་བར་ལན་འདེབས་དགོས།༼༥×༤=༢༠༽
༡༽དྲི་མ་དྲུག་ཅེས་པའི་དྲི་མ་དེ་གང་ལ་གོ་དགོས།
ལན་ཞུ།
༢༽རང་གི་བློས་འཆུན་ཚད་ཐར་ཆགས་སུ་འཛིན་དགོས་ཞེས་པའི་དོན་ཅི།
ལན་ཞུ།
༣༽གང་འདྲ་ཞིག་ལ་སྙན་རྩོམ་ཟེར།
ལན་ཞུ།
༤༽གང་ལ་མིང་ཟེར།
ལན་ཞུ།
༥༽བོད་ལ་རྣམ་དབྱེ་དུ་ཡོད། གང་དག་ཡིན།
ལན་ཞུ།
གཉིས་པ། བལྟ་ཀློག་དང་དབྱེ་ཞིབ།
༼༡༽
ད་ནི་སྐབས་འདིར་སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག་ཟུར་ཙམ་གཅིག་བཤད་ན། ཤེས་བྱ་གང་ལ་ཉན་བཤད་ བྱེད་པའི་སྔོན་དུ། ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པའི་སྐྱོན་ལྔ་སྤངས་ཏེ། བསམ་པ་ དད་གུས་དང་ལྡན་པས་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པ་བྱས་ནས་ཉན་དགོས་གསུངས།
༡༽སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག་ཅེས་པའི་སློབ་ཚན་འདི་གང་ལས་བདམས་སམ། དེའི་རྩོམ་པ་པོ་སུ་ཡིན་ནམ། སྐར་༢
ལན་ཞུ།
༢༽མི་འཛིན་པའི་སྐྱོན་ལྔ་གང་ཡིན། སྐར་༣
ལན་ཞུ།
༣༽དྲི་མ་དྲུག་གང་དང་གང། སྐར་༣
ལན་ཞུ།
༤༽སྦྱོར་དངོས་རྗེས་གསུམ་ཞེས་པ་འདི་གང་ལ་གོ་དགོས། སྐར་༢
ལན་ཞུ།
༼༢༽
དབྱར་གསུམ་ཉི་མ་ཤར་ཕྱོགས་རི་རྩེ་ནས་འཛུམ་དུས།།
རིག་གནས་མེ་ཏོག་བཞད་པའི་རྩྭ་ཐང་འདི་མཛེས་པ། །
སློབ་གསོའི་ལས་དོན་དར་བའི་འདབ་མ་འདི་རྒྱས་པ། །
ཚན་རིག་ལག་རྩལ་འཕེལ་བའི་ཟེའུ་འབྲུ་འདི་དགའ་བ། །
༡༽གོང་གསལ་ཚིགས་བཅད་ཤོ་ལོ་ཀ་དེར་ཚིག་རྐང་ག་ཚོད་འདུག་གམ། སྐར་༡
ལན་ཞུ།
༢༽གོང་གསལ་ཚིགས་བཅད་ཤོ་ལོ་ཀ་དེའི་ནང་རིག་གནས་དང་། སློབ་གསོ། ཚན་རྩལ་བཅས་སོ་སོའི་དཔེར་གང་དང་གང་བཀོད་འདུག་གམ། སྐར་༣
རིག་གནས། སློབ་གསོ། ཚན་རྩལ།
༣༽གོང་གི་ཚིགས་བཅད་ཤོ་ལོ་ཀ་དེའི་ནང་གཙོ་བོ་གང་ཞིག་བརྗོད་ཡོད་དམ། སྐར་༣
ལན་ཞུ།
༤༽གཤམ་གསལ་མིང་དག་འདོད་རྒྱལ་དང་རྗེས་གྲུབ་གང་གི་མིང་ཡིན་ངོས་འཛིན་བྱོས། སྐར་༢
དབྱར་ཁ། རྩྭ་ཐང་། མེ་ཏོག སློབ་གསོ།
གསུམ་པ། རྩོམ་ཡིག་འབྲི་རྒྱུ། སྐར་༢༥
ཁ་བྱང་སོ་སོས་གཏན་འཁེལ་བྱས་རྗེས་སློབ་གྲྭ་འདིར་སླེབས་རྗེས་རང་ཉིད་ལ་འཕྲད་པའི་ཆེས་བརྗེད་པར་དཀའ་བའི་གནས་ཚུལ་ག་གེ་མོ་ཞིག་མཚོན་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་འབྲི་དགོས།
རེ་བ། ཚིག་གི་སྦྱོར་བ་བདེ་ཞིང་གོང་འོག་དོན་གྱི་འབྲེལ་ཆགས་པ།
ཡིག་གཟུགས་ཁམས་གཙང་ཞིང་།
ཡིག་འབྲུ་༣༠༠ཡན་ལོན་པའི་རྩོམ་ཡིག་ཅིག་འབྲི་དགོས།