当前位置: 首页 > 通知公告 > མཛུབ་མོ།

མཛུབ་མོ།

2020年07月07日 10:27:21 访问量:192


སེམས་པ་ཁྲ་ཁྲ་འདི་ཧམ་ཤེད་ཆེ་བས།།

མཛུབ་མོ་གྲུང་གྲུང་འདི་ཞར་བར་བཏང་སོང་།།

ལོ་ཟླ་སྡུག་བརྩེགས་ཀྱིས་གསོག་སྒྲུབ་བྱས་པའི།།

སྡིག་པའི་ཁུར་པོ་འདི་བགྲང་ཐབས་བྲལ་སོང་།།


མཛུབ་མོ་ཞར་བ་འདི་སྨྱོ་འཚུབ་ཆེ་བས།།

སྡིག་དམོད་རྣོ་གྲི་དེ་གཞན་ལ་གཏད་སོང་།།

རང་གཞན་དགེ་སྐྱོན་གྱི་གཡུལ་ངོར་སླེབས་དུས།།

མཛུབ་མོའི་གདོང་མཆོངས་དེར་ཧོན་རེ་འཐོར་སོང་།།


རང་ཉིད་ཁེར་རྐྱང་དུ་འདང་ལ་རོལ་དུས།།

མཛུབ་མོ་ཞར་བ་འདི་གཉིད་ལ་ཡུར་འདུག།

རང་གི་སེམས་པ་འདི་མུན་པས་སྐོང་དུས།།

རང་ཉིད་རང་ནི་ལྷ་མཆོག་ཏུ་མཐོང་སོང་།།


ཐོབ་དང་ཤོར་བ་ཡི་འཛིང་རགས་གསེང་ནས།།

མཛུབ་མོ་ཞར་བ་ལ་ཞེ་སྡང་འབར་སོང་།།

ཁ་ལས་མིག་ཟུང་འདི་ཆེ་བར་འགྱུར་དུས།།

ལས་ཀྱི་ཕོ་ཉ་ཡང་སྐྲག་སྟེ་བྲོས་སོང་།།


ཁེ་གྲགས་གཏམ་གསུམ་གྱི་གནམ་སྐྱག་ཟགས་དུས།།

མཛུབ་མོ་ཞར་བ་འདི་ཧོབ་སྟེ་འཁུམ་སོང་།།

བདེན་རྫུན་ལེགས་ཉེས་ཀྱི་སྒོ་ཐེམ་བརྒལ་དུས།།

ཀྱོག་ཀྱོག་སེམས་པ་འདི་འདམ་ལ་བྱིངས་སོང་།།

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心