当前位置: 首页 > 特色藏文 > 巴多老师作品 新旧西藏对比

巴多老师作品 新旧西藏对比

2019年05月28日 10:35:52 访问量:2921

ནམ་མཁའ་སྨག་གིས་མུན་པས་ར་རོས་བཞིན།།

རྡོ་ཆར་གཤེད་མས་ལོ་ཏོག་མ་ལུས་བཅོམ།།

འཇིགས་རུང་མུན་ནག་སྤྱི་ཚོགས་རྙིང་པ་ཡིས།།

རྒྱ་ཚེའི་མང་ཚོགས་སྡུག་བསྔལ་རྒྱ་རུ་བཙུད།།

 

ཤེས་ཡོན་སྦྱོང་བའི་གོ་སྐལ་འཇའ་བཞིན་ཡལ།།

བླང་དོར་མིག་ལྡོངས་ཟོག་པོ་ལྷ་རུ་བཀུར།།

སེམས་ཀྱི་མགོན་སྐྱབས་ཕྱི་རོལ་རྫུ་ལ་བརྟེན།།

ལས་དབང་བཅུན་པའི་སྤོབས་པ་ཡོངས་སུ་བྲལ།།

 

གློ་བུར་ལྷོ་ཡི་རླུང་གིས་རབ་དེད་དྲི་བཟང་གིས།།

འགྲོ་བའི་ལུས་ཀྱི་གདུང་བ་མ་ལུས་སེལ་བྱེད་ལྟར།།

དབང་ཕྱོགས་ཙི་ནའི་ཡུལ་ནས་རྟ་བདུན་ཟེར་བརྒྱ་ཡིས།།

གངས་ཅན་འཛིན་མའི་ལྟེ་བར་བདེ་བའི་དྲོ་སྐྱིད་སྦྱིན།།

 

ཏང་གི་གཟི་བྱིན་མཚན་དཔེས་རབ་ཏུ་རྒྱན།།

ལྷུག་གཏོང་མཛད་བཟང་སྲིད་ཇུས་རབ་རིམ་སྤེལ།།

གངས་ཅན་ལྗོངས་སུ་སྲིད་འབྱོར་རིག་གནས་དང་།།

ཚན་རྩལ་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ།།

编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心