当前位置: 首页 > 体育健康 > སློབ་མའི་བདེ་ཐང་ལ་སྣང་ཆེན་གྱིས་གཟུགས་གཞི་བརྟག་དཔྱད་ཀྱི་ལས་དོན་སྤེལ་གནང་བ་རེད།

སློབ་མའི་བདེ་ཐང་ལ་སྣང་ཆེན་གྱིས་གཟུགས་གཞི་བརྟག་དཔྱད་ཀྱི་ལས་དོན་སྤེལ་གནང་བ་རེད།

2023年11月23日 16:44:44 访问量:28 作者:巴桑多拉
དེང་གི་ཆར་འཛམ་གླིང་ཧྲིལ་པོའི་ཁྲོད་དུ་ནད་ཡམས་མུ་གེའི་འདྲེ་ལྷགས་ཤིག་གིས་འགྲོ་བ་མི་ཉུང་བ་ཞིག་གི་ཚེ་སྲོག་ལྷག་མར་འཕྲོག་པས་སྟོབས་ལྡན་གྱི་རྒྱལ་ཁབ་ཁག་ཀྱང་བྱ་ཐབས་ཟད་དེ་ཁ་རས་བརྒྱབ་ཏེ་འགོག་སྲུང་བྱ་ཐབས་བྱ་རྒྱུ་ལས་གཞན་ཅི་ཡང་མ་བྱུང་།  འོན་ཏེ་རང་རེའི་རྒྱལ་ཁབ་ཀྱིས་ནད་ཡམས་འགོག་སྲུང་གི་དམག་འཐབ་ཁྲོད་ཐབས་ཤེས་ཡོད་རྒུ་སྤྱད་པས་མིང་གི་ལྷག་མར་བཏང་།  
དེ་བཞིན་ཏང་གི་མི་རིགས་མཛད་ཕྱོགས་སྲིད་ཇུས་བཟང་པོར་བརྟེན་ནས་རང་རྫོང་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་གོང་རིམ་ཚན་པའི་བཀའ་འགོད་བཞིན་དེང་གི་འཛམ་གླིང་ཁྱོན་དུ་ཏོག་གསར་ནད་དུག་དང་ཆམ་རིམས་ཀ་པའི་མུ་གེའི་ནད་ཡམས་ཀྱི་རྐྱེན་བྱས་ཏེ་ཀུན་ནས་སྡུག་བསྔལ་མི་འདོད་ཅིང་བདེ་བ་འབའ་ཞིག་དོན་དུ་གཉེར་བའི་འཇིག་རྟེན་ཆོས་ཉིད་བཟང་མོར་འཇུག་པའི་བློས་བསྐུལ་ཞིང་༼བདེ་ཐང་གཞི་མའི་དཔལ་ལྡན་ལས།   དོན་གཉིས་བསྒྲུབ་པའི་ཐབས་ལ་གཞོལ༽ཞེས་བརྗོད་བྱར་གླེང་བའི་རང་རྫོང་སློབ་འབྲིང་གི་སློབ་མ་རྣམས་ཀྱི་གཟུགས་གཞིའི་བདེ་ཐང་ལ་སྒོ་ཀུན་དམིགས་ཐོག་ཐབས་བརྒྱ་ཇུས་སྟོང་དང་།  ཚ་ཚ་འུར་འུར་གྱིས་སྨན་པ་རྣམས་ཀྱིས་ངལ་འཁང་གཉིས་བཟོད་ཀྱིས་སློབ་མའི་གཟུགས་གཞི་བརྟག་བརྟག་དཔྱད་ཀྱི་ལས་ཡུལ་དངོས་ནང་བཞིགས་གནང་བ་རེད།   སློབ་མ་ནི་མ་འོངས་མེས་རྒྱལ་ཁྱིམ་གཞིས་བཟང་མོའི་རྟེན་གཞི་ཞིག་ཏུ་སྣང་བས་ཀུན་གྱིས་གཟིགས་སྐྱོང་ཆེན་པོས་ཁོ་ཚོའི་ལུང་ངག་ཡིད་གསུམ་གྱི་བདེ་སྡུག་ལ་དོ་ཁུར་ཆེར་བསྐྱེད་ཀྱིས་རིག་པའི་འདབ་མའི་ཚལ་ཡངས་སུ་བསམ་སྦྱོར་བཙན་པོའི་མཐུ་ནུས་ལས་གསོ་སྐྱོང་བྱ་རྒྱུ་ནི་མིག་མདིན་གྱི་བསྐྱུར་དུ་མི་རུང་བའི་འོས་འགན་ཤ་སྟག་ཡིན།  
བློ་མཐུན་ཞིས་ཅིན་ཕིང་མཆོག་གིས་༼ཐོག་མའི་བསམ་འདུན་མི་བརྗེད་པར།   འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས༽ཞེས་གསུངས་པ་ཇི་བཞིན་སྔོན་བྱོན་མེས་པོ་སྒྲིན་པོའི་ཚོགས་ཀུན་ནས་འགྲན་བྲལ་གྱི་དཀའ་སྤྱད་ངལ་འཁང་གཉིས་བཟོད་ཀྱི་གོ་ཆས་ཡོངས་སུ་བརྟས་ནས་སྲིད་པའི་དབེན་པའི་རྣམ་དཔྱོད་ཀྱ་དཔལ་ཀུན་རྫོགས་རྟགས་སུ་བཀོད་པ་འདི་ཀོ་ཡི་རང་ཞུ་ཡུལ་ལས་མ་འདས།   དེས་ན་མིག་སྔའི་ཐོག་མའི་ཕུགས་འདུན་ཡིད་ལ་བཅངས་ཤིང་།  སྐབས་སུ་བབས་པའི་འགན་འཁྲི་མ་བསྐུལ་ཕྲག་ཏུ་བཞེས་ནས་མི་དངམས་ལ་སྨན་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་ཆགས་པར་སྒོ་ཀུན་ནས་འབད་གལ་ཆེ།  དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་མཆོག་གི་བཀའ་མངགས་བཞིན་དམངས་ནི་རི་བོ་ལྟ་བུར་འཛིན་ཞིང་། ལས་བྱེད་པ་ནི་རི་བོ་སྲུང་མཁན་ཞིག་ལ་འཛིན་དགོས་པའི་རེ་བལྟོས་འཚོལ་བསྙེག་ཏུ་རེམས་དགོས།  རང་རྫོང་གིས་ཀྱང་གོང་རིམ་ཚན་པའི་རེ་འདུན་ལྟར་སློབ་མ་རྣམས་ནི་མ་འོངས་མེས་རྒྱལ་དང་།  མི་རིགས་ཀྱི་རྣམ་པར་བཀྲ་བའི་མེ་ཏོག་ཅིག་ཏུ་སྣང་བས་ཚང་མས་དོ་སྣང་ངམ་གཙིགས་ཆེན་ཆེར་བསྐྱེད་ཀྱིས་གཟུགས་གཞི་བདེ་ཐང་ལ་སཉནང་འཇོག་བྱ་རྒྱུ་འདི་ཀོ་ཁ་ཚ་དགོས་གཏུགས་སུ་སྣང་།  གཟུགས་གཞི་བདེ་ཐང་ནི་གསར་བརྗེའི་བསྒྱུར་བཅོས་བྱ་གཞག་ཁྲོད་ཀྱི་མ་རྩ་ཡིན་ཞེས་པ་ཅིས་མ་བདེན།   བདེ་ཐང་ལྡན་པའི་རྒྱལ་ཁབ་དང་མི་རིགས་ནི་ཆབ་དཔལ་རིག་གསུམ་དང་ཅན་བཞིའི་འཕེལ་རྒྱས་ཀྱི་མྱུ་གུ་འབུས་པའི་རྐང་སྟེགས་ཤིག་ལས་གཞན་ཅི།  དེའི་ཕྱིར་སློབ་མ་རྣམས་ཀྱི་ལུས་ཁམས་བདེ་ཐང་གི་ཐབས་ལམ་ལ་རྩེ་གཅིག་གིས་འཇུག་པར་བསྐུལ་གནང་བ་ནི་བཀའ་དྲི་བླ་ན་མེད་པ་ཞིག་ཡིན།  འབྲེལ་ཡོད་འཛིན་བདག་རྣམས་ཀྱིས་སྒྲིག་འཛུགས་བཀོད་སྒྲིག་སྒོས་ལུས་ཁམས་བརྟག་དཔྱད་ཀྱི་ཚན་པ་ཁག་ལ་ངལ་བ་ཁྱད་བསད་ངང་སློབ་མའི་བདེ་ཐང་འཚོལ་ཞིབ་ཕྱིར་བརྟག་དཉཔྱད་ལ་བཞུགས་གནང་བ་རེད།  འདི་ནི་ཁྱིམ་བདག་གིས་གཙོས་སློབ་ཕྲུག་རྣམས་ཀྱི་བློ་ངོར་རླབས་ཆེན་ཏང་གི་གོང་ན་མ་མཆིས་པའི་བཀའ་དྲིན་གཞར་ཡང་མ་བརྗེད་དྲན་གསོའི་རྡོ་རིང་གི་རི་མོ་སེམས་ནང་དུ་གསལ་ལེར་སྣང་།   ཐེངས་འདིའི་ལུས་ཁམས་བརྟག་དཔྱད་ཀྱི་བྱེད་སྒོའི་ཁྲོད་ཐོག་མར་སློབ་ཐོན་འཛིན་གྲྭ་བཅུ་བཞིའི་སློབ་མ་རྣམས་ལ་བརྟག་དཔྱད་གནང་བ་དང་དེ་རྗེས་རིམ་པ་བཞིན་ལོ་རིམ་བརྒྱད་པའི་འཛིན་གྲྭ་བཅུ་བཞིའི་སློབ་ཕྲུག་ཚང་མར་བརྟག་དཔྱད་གནང་བ།  དེ་བཞིན་ལོ་རིམ་བདུན་པའི་འཛིན་གྲྭ་བཅོ་ལྔའི་སློབ་ཕྲུག་ཀུན་གྱི་གཟུགས་གཞིར་བརྟག་དཔྱད་ཀྱིས་ཁྱོན་འཛིན་གྲྭ་བཞི་བཅུ་ཞེ་གསུམ་དང་།  སློབ་ཕྲུག་ཉིས་སྟོང་ལ་ཉེ་བར་རིན་མེད་ཐོག་བརྟག་ཞིབ་གནང་བ་འདི་ཀོ་རང་རེའི་མགོན་པོ་ཏང་གི་ཟོལ་མེད་བཀའ་དྲིན་ལས་བྲལ་ཐབས་ཅི་ལ་སྲིད།  
དེས་ན་སློབ་ཕྲུག་ཚང་མའི་སེམས་ནང་བརྗོད་སྤོབས་ལས་བྲལ་བའི་དགའ་བའི་སྣང་བས་བརྟས།  སླད་མར་དགེ་སློབ་ཀུན་ནས་བཀའ་དྲིན་སྙིང་བཅངས་ཀྱིས་ཏང་གི་དྲོ་སྐྱིད་ཚོར་འདུ་དྲག་པོས་ཇི་སྲིད་བསྐལ་བརྒྱར་མེས་པོའི་རྒྱལ་ཁབ་ཀྱི་གཟི་བྱིན་རྫོགས་པ་མི་མངའ་བར་སེམས་ནང་འཕྲོས་ནས་མིག་སྔའི་མཛད་འཕྲིན་རླབས་ཀྱི་ཕུང་པོ་ཞུམ་མེད་དཔའ་སྟོབས་ཀྱི་རྩལ་ལས་བསྒྲུབ་དགོས་པའི་འདུ་ཤེས་ཤིག་བགས་ཀྱིས་བསྐྱེ་ངེས་ཡིན་པས་ཀུན་གྱིས་ཀྲུང་ལུགས་དང་བོད་ཀྱི་གསོ་བ་རིག་པར་མཐོང་ཆེན་སྒོས་བདེ་ཐང་འཚོ་བའི་ཐབས་ལམ་ཡངས་པོར་འཇུག་པར་བྱ་རྒྱུའི་འདུ་ཤེས་བསྐྱེ་བསྲིང་ཐུབ་པ་དགོས།                                                                                                                                                                                      
ས་སྐྱ་སློབ་འབྲིང་བོད་ཡིག་ཚོགས་ཆུང་ནས།
༢༠༢༣ལོའི་ཟླ༡༡པའི་ཚེས༡༩ཉིན།  
编辑:王琦
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心