当前位置: 首页 > 特色藏文 > 白玛平措老师作文《圣旗》

白玛平措老师作文《圣旗》

2019年06月08日 13:55:28 访问量:379
      དུས་རླུང་གིས་གཡོ་བའི་རྒྱལ་མཚན་རྩེ་མོ།
སྒྲོལ་མའི་ཕོ་བྲང་འཛིན་འདི་རྟེན་འབྲེལ་གྱི་ཐོག་མ། །
གངས་ལྗོངས་རྨོངས་པ་སྒྲོལ་བའི་ཁུར་ཆེན་འདི་ཐོགས་ལགས། །
ཞིང་ཐང་དབུས་སུ་འཕོ་བ་རྟེན་འབྲེལ་གྱི་གཉིས་པ། །
ལྔ་ཟུང་རིག་གནས་ས་བོན་ཞིང་འདི་ན་འདེབས་ཡ། །

དུས་གསུམ་དུས་ཀྱི་གསང་རིས་མག་མོག་ཏུ་གྱུར་དུས། །
དུས་གསུམ་དུས་ཀྱི་གསང་རྣམ་ཅ་ཅོ་རུ་སྨྲ་དུས། །
དུས་གསུམ་དུས་ཀྱི་གོམ་བགྲོད་ཁྱར་ཁྱོར་དུ་བགྲོད་དུས། །
དུས་བསྟུན་དུས་རླུང་དང་སྡོངས་རྒྱལ་མཚན་གྱི་རྩེ་མོ། །

རིན་ཆེན་གཏེར་གྱི་ལེགས་བཤད་འཆད་ས་ན། །
སེ་ཆེན་རྒྱལ་པོས་བཀའ་ཡིག་བསྒྲགས་ས་ན། །
སྤྲང་མང་མཐེ་བོང་ཀེར་ཞེས་འཕྱ་ལགས་ཀྱང་། །
ད་ཆ་སློབ་གསོའི་རྒྱལ་མཚན་སྲིད་རྩེར་སྒྲེང་། །

ཁ་ཁོག་མཐུན་ནམ་ཡང་ན་མི་མཐུན་རུང་ཆོག་གི །
ཁ་ལག་མཐུན་ནམ་ཡང་ན་མི་མཐུན་ཡང་རུང་གི །
ཁ་གཏད་བཙན་ནམ་ཡང་ན་མི་བཙན་ཡང་འགྲིག་གི །
ཁ་ལྗོངས་ཁ་བའི་རྩེར་འགྱིངས་རྒྱལ་མཚན་གྱི་རྩེ་མོ། །

དགུན་གསུམ་རླུང་ནག་དྲག་པོས་དབྲལ་སྙམ་དུ་བྱེད་ཅིང་། །
དཔྱིད་གསུམ་ཉི་མའི་ཟེར་བརྒྱས་འཚིགས་སྙམ་དུ་བྱེད་པ། །
དབྱར་གསུམ་དྲག་ཆར་བསེར་བས་རྟོལ་སྙམ་དུ་བྱེད་ཀྱང་། །
སྟོན་གསུམ་འབྲས་བུའི་ངོ་བོ་རྒྱལ་མཚན་གྱི་རྩེ་མོ། །

བི་ཤྭ་ཀརྨས་པིར་ལས་འཁྲུངས་སམ་སྙམ། །
སྤྲུལ་པའི་བཟོ་བོའི་བློ་ལས་འཁྲུངས་སམ་ཅི། །
བརྒྱ་བྱིན་ཁང་བཟང་ས་ལ་འཕོས་འདྲ་འདི། །
སློབ་གསོའི་རྒྱལ་མཚན་འདེགས་པའི་ཐོག་ཁང་ཆེ། །

ར་ཐང་ཨར་འདམ་གཅལ་མས་ས་རྡུལ་ཙམ་མི་སྣང་། །
ཡུལ་ཅན་བྱི་དོར་དག་པས་ཤོག་སྙིགས་སོགས་མི་རིག །
ཕྱི་ནང་གནམ་ས་འགྱུར་འདི་མིག་ལམ་དུ་འཆར་ཚེ། །
དུས་གསུམ་དུས་ཀྱི་གསང་བ་ལམ་ལམ་དུ་རྟོགས་ལགས། །

རིག་བཅུ་ཚང་བའི་དཔེ་མཛོད་ཁང་ཆེན་མོ། །
རིགས་ཚན་བྱེ་བའི་ལྟེང་ཀ་འདི་ན་རྡོལ། །
རིག་གཅིག་མཁས་པའི་ཡིད་ཀྱི་གསོས་སྨན་འདི། །
རིགས་བཟང་དབུ་རྒྱན་རྒྱལ་མཚན་རྩེ་མོ་ལགས། །

མཁས་གྲུབ་ཆེ་རྒུ་འདུ་གནས་ཡིན་ནམ་མིན། །
མཁས་རློམ་ཝ་སྐྱེས་མཚང་རྟོལ་བདེན་མི་བདེན། །
མཁས་བླུན་རྙོགས་མ་བགྲུང་བྱེད་ཀེ་ཏ་ཀ །
མཁས་པའི་བྲང་ས་རྒྱལ་མཚན་རྩེ་མོ་ལགས། །

སྐབས་རེ་སྡུག་པའི་འཁུན་སྒྲ་ལྷག་ལྷག་ཅེས་སྒྲོགས་ཤིང་། །
མཚམས་རེ་དགའ་བའི་ག་ཞ་ཧ་ཧ་རུ་སྒྲོགས་པ། །
དུས་གསུམ་དུས་ཀྱི་འགྱུར་བ་ཅི་འདྲ་ཞིག་བྱུང་རུང་། །
ས་གསུམ་ཁམས་སུ་ངོམ་པའི་རྒྱལ་མཚན་གྱི་རྩེ་མོ།  །

ཁྱོད་ནི་རྨོངས་སེལ་མུན་འཇོམས་ཤེས་རབ་ཀྱི་རལ་གྲི །
ཤེས་ལྡན་བུ་ལོ་བསྙལ་བའི་དྲོད་འཇམ་གྱི་འགུལ་སླེ། །
ཡ་ང་བརྩེ་བས་སྐྱོང་མཛད་བྱམས་ལྡན་གྱི་མ་ལོ། །
དུས་གསུམ་དུས་རླུང་དང་སྡོངས་རྒྱལ་མཚན་གྱི་རྩེ་མོ།  །
编辑:次旦扎西
评论区
次旦扎西(2019/6/15 16:26:46)

杠杠的!

回复 支持[0] 反对[0]
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心