当前位置: 首页 > 藏文文化 > 解析藏文教材中的一些问题

解析藏文教材中的一些问题

2018年11月09日 00:07:12 访问量:623

མ་བྱོན་སྐལ་བཟང་འདུན་པ་ཆོས་ཀྱི་རྗེ།།
ཀུན་མཁྱེན་སྐད་གཉིས་སྨྲ་བ་ཐུགས་རྗེ་ཅན།།
འགྲོ་མགོན་བུ་བཞིན་སྐྱོང་བའི་རྩ་ལག་མཆོག།
སྟོན་པ་རྒྱལ་ཚབ་བུ་སྟོན་རིན་ཆེན་གྲུབ།།
ཞེས་པར་འགྲེལ་པ་ཁ་གསལ་ཞིག་ཡོད་པ་མཁྱེན།
 ༄། །ད་ལྟའི་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱོན་རྒྱུ་ཡིན་པས་ན་བསྐལ་པའི་མིང་ལ་སྐལ་བཟང་ཞེས་ཟེར་ཞིང་བསྐལ་པ་འདིར་བྱོན་པའི་སངས་རྒྱས་དང་པོ་ནི་སངས་རྒྱས་འཁོར་བ་འཇིག་དང་བཞི་པ་ནི་སྟོན་པ་བཅོམ་ལྡན་འདས་སམ་སྟོན་པ་ཤཱཀྱ་ཐུབ་པ་ཡིན་པ་མ་འོངས་པར་འབྱོན་རྒྱུའི་སངས་རྒྱས་བདུན་པ་ནི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་འགྲོ་བ་སེམས་ཅན་ཀུན་ལ་རང་གི་བུ་ལྟར་བརྩེ་བས་སྐྱོང་བར་མཛད་པའི་གཉེན་ཉེ།  སྟོན་པ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་གྱུར་པ་ཞ་ལུ་བུ་སྟོན་རིན་ཆེན་གྲུབ་ཡིན་ཞེས་པའོ། །

བོད་སྐད་ཡིག་ལོ་རིམ་བརྒྱད་པ་སྟོད་ཆའི་ཤོག་གྲངས་ལྔ་པའི་ནང་ཡི་གེ་ཨ་ལི་བཞི་དང་ཀ་ལི་སུམ་ཅུ་ཞེས་པའི་ཨ་ལི་དང་ཀ་ལི་གཉིས་ཀྱི་དག་ཆ་ནོར་འདུག་སྟེ་ཨ་ལི་ནི་ཕྲེང་བ་དང་ཀ་ལི་ནི་མོའི་མགོ་རུས་ལ་ཟེར་བ་ལས་ཁག་སོ་སོར་དབྱངས་དང་གསལ་བྱེད་ལ་མི་གོ་ལ་དབྱངས་དང་གསལ་བྱེད་ལ་གོ་དགོས་ན་ཨཱ་ལི་དང་ཀཱ་ལི་ཞེས་འབྲི་དགོས།   དེ་ཡང་ཞིབ་པར་བཤད་ན་ཀ་དང་ཨ་ལི་བསྡུས་པས་ཀཱ་ལི་བྱུང་བས་ཀ་ཕྲེང་དང་ཨ ་དང་ཨ་ལི་བསྡུས་པས་ཨཱ་ལི་བྱུང་བ་སྟེ་ཨ་ཕྲེང་ངོ།།  གཞན་ཡང་དེབ་འདིའི་ཤོག་གྲངས་བཅུ་གཅིག་ནང་བྱམས་ཆེན་ཆོས་རྗེ་ད་ལྟའི་མངའ་རིས་ས་ཁུལ་དུ་འཁྲུངས་ཞེས་པ་ནི་འཆལ་གཏམ་སྟེ་ཁོང་ནི་ཚལ་པ་བཀའ་བརྒྱུད་ཀྱི་གྲུབ་ཐོབ་ཆེན་པོ་ཞང་ཚལ་པ་བརྩོན་འགྲུས་གྲཌ་པས་ཕྱག་བཏབ་པའི་ཚལ་གུང་ཐང་དགོན་ཆཌ་ཡུལ་སྟེ་ད་ལྟའི་སློབ་གསོའི་གྲོང་ཆགས་ཡུལ་དེར་ཡིན་པ་ལས་སྔོན་དུས་ཀྱི་མངའ་རིས་གུང་ཐང་སྟེ་ད་ལྟའི་སྐྱིད་རོང་རྫོང་ཁོངས་སུའང་མིན་ནོ། །

༄།  །ལོ་རིམ་བདུན་པའི་སྟོད་ཆའི་བོད་སྐད་ཡིག་ཤོག་གྲངས་37ནང་གི་པོ་ཏོ་བ་རིན་ཆེན་གསལ་གྱི་ལོ་རྒྱུས་རགས་བསྡུས་ནང་ཁོང་གིས་བཀའ་གདམས་གཞུང་དྲུག་གི་འཆད་ཉན་མཛད་དེབཀའ་གདམས་པའི་སྲོལ་གཏོད་ཅེས་པ་འདི་ནོར་བ་ཡིན་ཏེ་བཀའ་གདམས་པའི་གྲུབ་མཐའ་འདི་ནི་ཇོ་བོ་རྗེས་དབུ་བརྙེས་སྟོན་པ་རིན་པོ་ཆེས་སྲོལ་གཏོད་སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད་གླང་ཤར་གཉིས་དང་བྱ་ཡུལ་བ་སོཌ་ཀྱིས་དེ་ལས་ཀྱང་རྒྱས་པར་མཛད་གསུངས་པ་དང་བཀའ་གདམས་གཞུང་ལ་དབྱེ་ན་གསུམ་སྟེ་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གྱིས བཀའ་གདམས་མན་ངག་ག་ིསྲོལ་ཕྱེ་པོ་ཏོ་བ་རིན་ཆེན་གསལ་གྱིས་བཀའ་གདམས་གཞུང་པའི་སྲོལ་ཕྱེ་སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱིས་བཀའ་གདམས་གདམས་ངག་པའི་སྲོལ་ཕྱེ་ཞེས་གསལ་བས་བཀའ་གདམས་པའི་སྲོལ་གཏོད་མཁན་ནི་སྟོན་པ་རིན་པོ་ཆེ་སྟེ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཡིན་པ་ལས་པོ་ཏོ་བ་རིན་ཆེན་གསལ་མ་ཡིན།དེས་ན་དགེ་བཤེས་པོ་ཏོ་བས་བཀའ་གདམས་གཞུང་དྲུག་གི་འཆད་ཉན་མཛད་དེ་བཀའ་གདམས་གཞུང་པའི་སྲོལ་གཏོད་ཅེས་བྲིས་ན་ལོ་རྒྱུས་དངམཐུན་སྙམ་གོང་གསལ་གནས་ཚུལ་འདི་ལ་ྟབུ་མི་ཉུང་བ་ཞིག་བོད་སྐད་ཡིག་སློབ་དེབ་ནང་འདུག་པས་སློབ་དེབ་རྩོམ་སྒྲིག་གནང་མཁན་བློ་མཐུན་རྣམས་ཕྱག་ལས་གནང་སྐབས་ཧོལ་རྒྱུཌ་ཤོར་རམ་ཡང་ན་ཁོ་བོའི་བློ་མིག་འགྲིབ་པས་གཞན་ལ་སྙད་འདོཌ་ཤོར་རམ།  གོང་ཞུས་འཆལ་གཏམ་གཏད་མེད་འདི་ཟོག་པོ་རླུང་ཁམས་ལངས་བའི་དུས།ཀུ་རེའིཚུལ་དུ་བྲིས་པ་ལ།།.  ཡིད་རྟོན་ཆ་འཇོག་གནང་དགོས་མེད།

编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心