当前位置: 首页 > 通知公告 > གཏམ་རྒྱུད་ནག་པོ།

གཏམ་རྒྱུད་ནག་པོ།

2020年07月03日 10:54:26 访问量:166
གཏམ་རྒྱུད་ནག་པོ།
རི་སྐྱེས་མེ་ཏོག
ཀ།
མཱ་ཅང་།
བརྩེགས་ནས་ལོངས་རྒྱུ་མེད་པ་ཁྱོད་ཡིན།
མཱ་ཅང་།
བརྩེས་ནས་ངོམས་རྒྱུ་མེད་པའང་ཁྱོད་ཡིན།
ཁ།
གླིང་གའི་ནང་དུ།། ཁྱོད་ཀྱི་ཧྲག་སྒྲ་མི་ཚོགས་ཀྱི་སྐད་དང་བསྡོངས་ནས་ལྡིར།
ཇ་ཁང་ནང་དུ། ཁྱོད་ཀྱི་ཧྲག་སྒྲ་བརྙན་ཕབ་ཀྱི་སྐད་དང་འཛིངས་ནས་འུར།
གྲོགས་པོའི་ཁྱིམ་དུ། ཁྱོད་ཀྱི་ཧྲག་སྒྲ་སྦོ་ཏོར་གྱི་སྐད་དང་འཐབ་ནས་ངར།
གྲོགས་མོའི་ཁྱིམ་དུ། ཁྱོད་ཀྱི་ཧྲག་སྒྲ་ཕྲུ་གུའི་སྐད་དང་བསྡེབས་ནས་ངུས།
མཐོ་བ་དཔོན་གྱི་ཤ་ཚིལ་ཁྱོད་ཀྱིས་བཟས།
དམའ་བ་འབངས་ཀྱི་ཁྲག་དམར་ཁྱོད་ཀྱིས་བཏུངས།
འབྱོར་ལྡན་ཕྱུག་པོའི་རུས་པ་ཁྱོད་ཀྱིས་མུར།
ཤེས་ལྡན་མཁས་པའི་ཀླད་པ་ཁྱོད་ཀྱིས་བལྡགས།
ང་།
ཁྱོད་ཀྱིས། ཕྱུག་པོ་རྣམས་ཀྱི་སྦ་ཁུག་གྲུང་པོ་རྙིད་དུ་བཅུག
ཁྱོད་ཀྱིས། དབུལ་པོ་རྣམས་ཀྱི་ལུས་ཕུང་ཧྲིལ་པོ་འདམ་ལ་བཏབ།
ཁྱོད་ཀྱིས། མཁས་པ་ཚོའི་རྐང་པར་ལྕགས་སྒྲོག་བརྒྱབ།
ཁྱོད་ཀྱིས། བླུན་པོ་རྣམས་སྨུག་ཐུམ་དཀྱིལ་ལ་བཅུག
ཅ།
རྒན་པོའི་ཚེ་མཇུག་གི་མ་ཎི་ཁྱོད་ཀྱིས་འཕྲོག
དར་མའི་འཇོན་ཐང་གི་སྤྲིན་ཕུང་ཁྱོད་ཀྱིས་གཏོར།
གཞོན་ནུའི་ལང་ཚོ་ཡི་མེ་ཏོག་ཁྱོད་ཀྱིས་བཙོམ།
ཀུན་གྱི་དུས་ཚོད་ཀྱི་ནོར་བུ་ཁྱོད་ཀྱིས་བརྐུས།
ཆ།
ཁྱོད་ཀྱིས། བཟའ་ཚོའི་མཛའ་དུང་གི་ཐག་པ་དུམ་བུར་བཅད།
ཁྱོད་ཀྱིས། ཕྲུ་གུའི་སྦྱངས་འབྲས་ཀྱི་གོམ་ཁ་ཕྱི་རུ་བསྣུར།
ཁྱོད་ཀྱིས། དྲོད་ལྡན་གྱི་ཁྱིམ་ཚང་ལ་དགུ་གསུམ་པའི་ནམ་ཟླ་ཞིག་དྲངས།
ཁྱོད་ཀྱིས། སང་ཉིན་གྱི་སྤྱི་ཚོགས་ལ་ཉལ་ཐ་ཡི་ས་བོན་ཞིག་བཏབ།
ཇ།
མཱ་ཅང་།
བཀག་ནས་འཁོགས་རྒྱུ་མེད་པ་ཁྱོད་ཀྱི་ཧྲག་སྒྲ་རྩུབ་པོ་དེ་ཡིན།
མཱ་ཅང་།
བཤད་ནས་ཚར་རྒྱུ་་མེད་པ་ཁྱོད་ཀྱི་གཏམ་རྒྱུད་ནག་པོ་དེ་ཡིན།
编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心