当前位置: 首页 > 通知公告 > མཁས་པའི་ཞལ་གདམས།

མཁས་པའི་ཞལ་གདམས།

2019年11月20日 12:47:43 访问量:550

ཁྲེལ་མེད་ཀྱི་མི་རྣམས་ཨ། ཁྱོད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཤེས་པ་ལས། དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་མི་བྱེད་པ་མ་ཟད། ད་དུང་འཁང་ར་དང་སྡང་སེམས་འཛིན་དོན་ཅི་ཡོད།

༼དཔལ་དོན་གྲུབ་རྒྱལ་༽

རང་ལོ་སོ་གཉིས་སུ་ལོན་པའི་དགུན་ཟླ་ར་བའི་ཚེས་བཅོ་བརྒྱད་ལ་གངྒའི་ཆུ་འཐུང་ཞིང་། ལོ་དེའི་དགུན་ཟླ་ཧྲིལ་བོར་སྲིན་བུ་མཚོ་དཀྱིལ་དུ་ལྷུང་བ་ལྟ་བུའི་སྐྱོ་ཉམས་དང་བཅས་གྲོང་ཁྱེར་སྐྱ་ནར་གྱི་བུར་བསྡད་ཡོད་དོ།

༼དགེ་འདུན་ཆོས་འཕེལ་༽

ཀྱེ་མ་བསླབ་པའི་ཤེས་རྒྱ་དང་།

སྒོམ་པའི་ཉམས་མྱོང་མ་མཆིས་པར།

གང་དྲན་སྨྲ་བའི་ཁྲེལ་འདས་དག།

བསམ་ཞིང་བསམ་ཞིང་ཡི་རེ་མུག།

བརྟག་ཅིང་བརྟག་ཅིང་སྙིང་རེ་རྗེ།

༼ཤེས་རབ་རྒྱ་མཚོ་༽

ཀྱེ་སྐྱིད་ཆུ་སྔོན་མོ་ཨང་། རང་ཅག་གི་མ་འོངས་པ་ནི་དེ་བས་ཀྱང་མཛེས་སྡུག་ལྡན་ལ་འོད་སྣང་ཆེས་ཆེར་འཕྲོ་བ་ཞིག་ཡིན།

༼ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་༽

རྒན་རབས་རྣམས་གྲྭ་ཚང་གི་སྲོག་རྩ།  བར་མ་རྣམས་གྲྭ་ཚང་གི་གཞུང་ཤིང་།  གཞོན་པ་རྣམས་གྲྭ་ཚང་གི་རྗེས་སྐྱོང་ཡིན་པས།  རང་རང་གི་སྐལ་བར་བབ་པའི་ཁུར་དེ་མ་འདོར།  བླ་མའི་སྲས།  ཨ་མའི་བུ།

                                     ༼ཤེས་རབ་རྒྱ་མཚོ།༽

ལོ་ངོ་ཁྲི་སྟོང་མང་བོའི་རིང་ལ།   ལམ་ཕྲན་འདི་རྒྱ་ཇེ་ཆེར་དང་ཁོད་ཇེ་སྙོམ།    ཁྱོན་ཇེ་ཡངས་སུ་གཏོང་མ་ཐུབ་པ་དེ་ནི་ང་ཚོའི་ངོ་ཚ་ཡིན་པ་ལས་གནའ་མིའི་གླེན་རྟགས་ག་ལ་ཡིན།

                               ༼དཔལ་དོན་གྲུབ་རྒྱལ།༽

མི་རིགས་རིག་གནས་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་གཙིགས་འཛིན་མི་བྱེད་པའམ་མཐོང་ཆུང་བྱེད་པ་ནི་རིག་གནས་དང་བསམ་བློ་སྟེང་ནས་ཆེས་ཆེས་རྗེས་ལུས་ཀྱི་རྟགས་ཡིན་ལ་རིག་གནས་ཀྱི་ཡོན་ཚད་དང་བསམ་བློ་སྟེང་ནས་ཇི་ལྟར་སྔོན་ཐོན་དུ་སོང་ན་དེ་ལྟར་མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་རིན་ཐང་ཤེས་ནས་བརྩི་མཐོང་ཇེ་ཆེར་འགྲོ་བ་ཡིན།

                      ༼དོར་ཞི་གདོང་དྲུག་སྙེམས་བློ།༽

ང་ཚོའི་མི་རབས་འདི་དག་སྔོན་བྱོན་མཁས་པ་ཚོའི་མདུན་ནས་གདོང་སྨད་དེ་འདུག་པ་ལས་མགྲིན་པ་གཟེངས་སུ་བསྟོད་མ་ཐུབ་པ་དང་།   རིག་གནས་དར་སྤེལ་གྱི་ལྡོག་ཟླའི་སྐྱོན་ཡང་མི་འདོད་བཞིན་དུ་འཁུར་བ་ལས་གསར་བརྗེའི་བསམ་བློ་སྐྱེ་མ་ཐུབ།

                        ༼ཚེ་གཏན་ཞབས་དྲུང་།༽

གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང་།

རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས།

དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།

སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད།

                ༼དགེ་འདུན་ཆོས་འཕེལ།༽

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心