当前位置: 首页 > 通知公告 > དཔེ་མཚོན་རྩོམ་།

དཔེ་མཚོན་རྩོམ་།

2018年05月30日 10:28:49 访问量:302 作者:ྀྰ米玛多吉
                              སློབ་ཐོན་སློབ་མའི་བལྟ་ཀློག་རྩོམ་།

ས་སྲོས་མཚམས་སུ་གྲོང་ཁྱེར་དེའི་ཤར་ཕྱོགས་ནས་མཚམས་སྤྲིན་དམར་པོ་དལ་གྱིས་ནམ་མཁར་ཤར་བ་དང་དུས་མཚུངས་ཁྲུང་ཁྲུང་ངང་པ་མང་པོ་ཁྱུ་དང་ཁྱུ་བྱས་ནས་ལྷོ་ཕྱོགས་ཀྱི་ནགས་ཁྲོད་དུ་ལོག་། དེ་དུས་རྣ་བར་གངས་ལྗོངས་ཀྱི་གླུ་པ་ཞིག་གིས་བཏང་བའི་གཞས་ ས་རྒྱང་བའི་ཡུལ་གྲུ་ཞིག་ནས་  ནམ་མཁའི་དབྱིངས་སུ་བལྟ་སྐབས་ དཀར་གསལ་དུང་ཟླ་ཤར་བའི་  ཨ་མ་ཡིད་ལ་འཁོར་བྱུང་   ཨ་མའི་གམ་ན་སྟོད་དུས་  ལོ་ཟླའི་གྲངས་ཀ་མ་རྩིས་།  ད་ལྟ་ས་མཐའ་སྒྲིམ་དུས་  སྐར་ཆའི་ཆ་ཤས་བགྲང་ཡོད་ གཞས་འདི་དང་ཁོར་ཡུག་དེས་ངའི་མིག་ལས་མཆི་མའི་ཐིག་ཕྲེང་མང་པོ་ཟགས་ཤིང་སྔར་སོང་གི་ལོ་ཟླའི་ནང་བྱུང་བའི་གནས་ཚུལ་མང་པོ་ཡིད་ལ་འཁོར་བས་དེ་མ་ཉིད་དུ་ཕ་ཡུལ་ལ་ལོག་རྒྱུ་བྱུང་ན་བསམ་ཞིང་མིག་ཆུ་འཕྱིས་ནས་ཉལ་ཁང་དུ་ལོག་།

     དེ་ཡང་ང་རང་ནི་ལོ་གསུམ་གྱི་སྔོན་ལ་གངས་ལྗོངས་ས་མཐོ་ནས་ས་འདིར་སློབ་སྦྱོང་ལ་ཡོང་བའི་བོད་ཕྲུག་ཞིག་ཡིན་ ཕ་ཡུལ་ནས་ཐོན་པའི་ཞོགས་པ་འདིར་མ་རྒན་མོས་ཞོགས་སྔ་མོ་ནས་བཞེངས་ནས་ སྐམ་ལ་ནག་  པའི་ཕྱག་ཟུང་གཉིས་ལས་ང་ལ་བག་ལེབ་མང་པོ་བཟོས་། ཕ་རྒན་པོས་ང་ལ་དམར་དམར་གྱི་བརྒྱ་ལོར་མང་པོ་གྲ་སྒྲིག་བྱས་ བརྒྱ་ལོར་དེ་དག་ནི་ངའི་འགྲོ་སོང་ཆེད་ཁྱིམ་ནང་གི་རྨོ་གཡག་ཞ་ར་གཅིག་དེ་བཙོང་ནས་བྱུང་བའི་དངུལ་ཡིན་། ཕས་གཡག་དེ་ཚོང་ང་དུས་ང་ཡང་ཡོད་ དེ་དུས་ཕའི་སྤྱན་ལས་གཡག་བཙོང་འདོད་ཡོད་པའི་རྣམ་འགྱུར་རྩ་བ་ནས་མིན་འདུག་ལ་མ་ཟད་གཡག་གི་རྔ་མ་ནས་འཐེན་ཙམ་འཐེན་ཙམ་བྱས་ནས་ལོ་མང་གཤིབ་པའི་གཡག་ལ་བརྩེ་བ་ཟབ་པས་སྤྱན་ལས་མིག་ཆུ་བར་མེད་ལྷུང་ངས་ཕ་རྒན་མིག་ཆུ་ལྷུང་བ་མཐོང་བ་དང་པོ་ཡིན་    ཡིན་གྱི་རེད་  ཕ་མས་རང་གི་བུ་ཕྲྭག་ཆེད་དུ་ཐམས་ཅད་བློས་གཏོང་བའི་བླ་མེད་སྤྱོད་བཟང་ཞིག་ཡིན་གྱི་རེད་། ང་ཚོ་བསུ་བའི་རླངས་འཁོར་སླེབས་སོང་བས་ཕ་མ་གཉིས་ནས་གཙོས་པས་ཡུལ་མི་ཁྱིམ་མཚེས་ཚོས་དངས་གཙང་གི་ཁ་བཏག་རེ་སྒྲོན་བྱུང་མ་རྒན་མོས་བཟོས་པའི་བག་ལེབ་དང་དངུལ་ལོར་དེ་བཞིན་བོད་ཡིག་རྒན་ལགས་ཀྱིས་ཕྱག་རྟེན་དུ་ཕུལ་བའི་བོད་ཡིག་སློབ་དེབ་རྣམས་ཁྱེར་ནས་རླངས་འཁོར་ནང་འཛུལ་སྐབས་ཕ་མ་བུ་ཕྲུག་བྲལ་བའི་སྐྱོ་གདུང་དང་ཕྲད་རྒྱུ་མེད་པའི་སྡུག་བསྔལ་ཡང་བྱུང་བས་ཕྱི་མིག་ཞིག་མ་བལྟ་ཀ་མེད་བྱུང་བས་དེ་ན་ཨ་མས་སྤྱན་ཆབ་སེལ་ཞིང་ང་ལ་ལག་བརྡ་གནང་ཨ་ཕས་ཀྱང་མི་ཚེ་གང་པོའི་མིག་ཆུ་གཉིས་པ་དེ་ཟགས་པ་མཐོང་བྱུང་སྐྱོ་གདུང་གིས་མནར་ཞིང་གངས་ལྗོངས་ས་མཐོ་ནས་མེ་འཁོར་དང་གནམ་གྲུར་བསྡད་དེ་ལ་ལུང་མང་པོ་བརྒལ་ནས་རྒྱ་ནག་གི་ས་ཆ་འདིར་འབྱོར་།

       ས་འདི་གའི་སློབ་གྲར་འབྱོར་རྗེས་སྔར་མཐོང་མ་མྱོང་བའི་སྔོ་ལྗང་ལྗང་གི་སྤོ་ལོའི་ཐང་ སློབ་མ་བཞི་ལ་ཉལ་ཁང་རེ་ དྲོད་གྲང་འཕྲུལ་ཆས་  བོད་ན་མཐོང་དཀོན་པའི་སྔོ་ཚལ་སྣ་ཚོགས་སོགས་ཀྱི་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་ལ་སློབ་རའི་ཁོར་ཡུག་གཙང་མ་འདི་འདྲ་ཞིག་རུ་ཤེས་རིག་སྦྱོང་རྒྱུའི་གོ་སྐབས་བཟང་པོ་འདི་འདྲ་བྱུང་བ་ནི་ཁྱོད་ཉིད་ཀྱི་མཚོ་ལས་ཟབ་པའི་བཀའ་དྲིན་ལས་ཐོབ་པ་ཡིན་། འདི་ནས་ངའི་ཕུགས་བསམ་གྱི་མདུན་ལམ་ཡངས་པོའི་འགོ་ཚུགས་ས་ཞིག་ཀྱང་ཡིན་དེ་ནི་ཁྱོད་ཉིད་ནས་ལམ་སྟོན་གནང་བའི་དྲིན་ཡིན་།ཁོ་བོས་ཁྱོད་ཀྱི་བཀའ་སློབ་བཞིན་ཕ་ཡུལ་འཛུགས་སྐྲུན་གྱི་དཔུང་ཁག་ལ་འཇུག་ནས་མཚར་སྡུག་འོད་སྟོང་འཕྲོ་བའི་གངས་ལྗོངས་ཀྱི་མདུན་ལམ་དེ་གཏོད་རྒྱུ་ཡིན་ལ་མུ་མཐུད་ནས་གླུ་པ་ཁོ་བོའི་གཞས་དེ་ངས་ཀྱང་ངག་ནས་བླངས་ཤེས་ཐང་དཀར་ཡིན་ན་བསམ་བྱུང་ ཁུ་བྱུག་ཡིན་ན་བསམ་བྱུང་ གངས་ལྗོངས་སྐྱིད་པའི་ཡུལ་ལ་ ཚན་རྩལ་ཤེས་རིག་ངོམ་ནས་ ལོག་རྒྱུ་བྱུང་ན་བསམ་བྱུང་།                    


                                                                མིག་དམར་རྡོ་རྗེས་སློབ་མའི་རྩོམ་དཔེར་བྲིས།

编辑:米玛多吉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心