当前位置: 首页 > 藏文文化 > དགེ་རྒན་དུས་ཆེན་ལ་བསུ་བ་ཞུ་བ།

དགེ་རྒན་དུས་ཆེན་ལ་བསུ་བ་ཞུ་བ།

2023年09月14日 11:52:35 访问量:72 作者:巴桑多拉
རང་སློབ་གྲྭས་སྐབས་སུམ་ཅུ་སོ་དགུ་པའི་དགེ་བའི་བཤེས་གཉེན་གྱི་དུས་སྟོན་གྱི་དུས་སྟོན་ལ་སྤྲོ་བས་འགེང་ཕྱིར་ལས་བཟོ་ཡོངས་འདུ་འཛོམས་ཀྱི་ཆང་འཐུང་གར་ཉམས་ཀྱི་བྱེད་སྒོ་ཞིག་སྤེལ་བ།     
     ཏང་གི་མི་རིགས་མཛད་ཕྱོགས་སྲིད་ཇུས་བཟང་པོར་བརྟེན་ནས་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་འཚོགས་འདུ་སྐོང་འཚོགས་ཀྱིས་རང་རེའི་བོད་ཀྱི་རྗེས་ལུས་རྣམ་པར་འགྱུར་ལྡོག་ཤུགས་ཆེན་གཏོང་ཆེད་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་དང་དམིགས་བསལ་ཐུགས་འཁུར་གྱི་སྲིད་ཇུས་ཉི་གཞོན་གསར་པ་ཞིག་གངས་ལྗོངས་ས་མཐོའི་རི་ལུང་ཀུན་དུ་འཕྲོས་པས་བོད་ཀྱི་མི་དམངས་ཚོར་རྨོངས་དད་དང་།  ཀླད་རྙིང་མཁྲེགས་ཟུང་གི་བཀག་རྒྱ་ལས་གྲོལ་ཆེད་ཀུན་གྱིས་མ་འབོད་གཅིག་ཀུན་ངང་རླབས་ཆེན་ཏང་གི་འབོད་སྐུལ་དང་ལེན་སྒོས།  རིག་གནས་སྦྱོང་འདོད་ཀྱི་བསམ་སྦྱོར་དྲག་པོའི་མཐུ་ནུས་ལས་ད་ཆ་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་སྨྱུག་རྩ་གང་སར་འབུས་མུས་ལས་མ་འདས།  ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་འཚོགས་འདུ་སྐོང་འཚོགས་ཀྱིས་བོད་ལ་དམིགས་བསལ་གྱི་སྲིད་ཇུས་ལག་བསྟར་གནང་བ་སྟེ།  སློབ་མའི་འགན་ལེན་གསུམ་གྱི་འཚོ་བའི་གནང་སྦྱིན་དང་། བོད་སྐྱོར་ལས་བྱེད་པའི་ཚ་རླབས་གཞར་ཡང་འགྱུར་བ་མེད་པར་གངས་རིའི་རང་མདངས་ཀྱི་རྗེས་སུ་འགྲོ  དེས་ན་ངེད་ཕྱི་རབས་པ་ཀུན་གྱིས་བཀའ་དྲིན་སྙིང་བཅངས་ངང་ཏང་གི་འབོད་སྐུལ་དང་ལེན་ཐོག་རང་འཁྲིའི་སློབ་གསོའི་འཐབ་སར་སྒོ་ཀུན་ནས་རྟག་གུས་བརྩོན་པས་བསྒྲུབ་དགོས་རྒྱུ་ནི་མིག་སྔའི་གནད་དོན་འགངས་ཆེན་ཞིག་ཡིན་པ་སྨོས་ཅི་འཚལ།  
དེ་ཡང་བྱེད་སྒོ་ལྟེ་གནས་སུ་དགེ་རྒན་ལས་བཟོ་འདུ་འཛོམས་ཁྲོད་རང་སློབ་གྲྭའི་ཧྲུའུ་ཅི་བུ་ཆུང་ལགས་ཀྱིསསྐབས་འདིའི་དགེ་བའི་བཤེས་གཉེན་དགའ་སྟོན་ལ་སྤྲོ་བས་རྟེན་འབྲེལ་མཚོན་ཕྱིར་འཚོགས་འདུ་གཙོ་སྐྱོང་གནང་ཞིང་ལོ་འདིའི་ནང་ཆེས་ཕུལ་བྱུང་གི་སློབ་སྤྱི་དང་།  ཕུལ་བྱུང་གི་དགེ་རྒན།  ཕུལ་བྱུང་གི་འཛིན་བདག སྔོན་ཐོན་ལས་དོན་མི་སྣ་སོགས་ལ་གཟིགས་གཟོས་གནང་བའི་འཚོགས་འདུ་སྐོང་འཚོགས་གནང་བ་རེད།  རང་སློབ་གྲྭའི་སློབ་སྤྱི་ཀྲེང་ལགས་ཀྱིས་ཕུལ་བྱུང་སློབ་སྤྱིར་གཟིགས་གཟོས་བྱ་དགའ་གནང་བ་དང་། དེ་བཞིན་རྫོང་རིམ་པའི་ཕུལ་བྱུང་དགེ་རྒན་དག་ལ་གཟིགས་གཟོས་གནང་བ་རེད།  སློབ་སྤྱི་ཏུའུ་ལགས་ནས་ཕུལ་བྱུང་འཛིན་བདག་ལ་གཟིགས་གཟོས་ཀྱི་བྱ་དགའ་གནང་།  དེ་བཞིན་སློབ་སྤྱི་ཚེ་བརྟན་རྡོ་རྗེས་སློབ་གྲྭའི་རིམ་པའི་ཕུལ་བྱུང་དགེ་རྒན་རྣམས་ལ་མཚན་སྙན་གཟིགས་གཟོས་ཀྱི་བྱ་དགའ་གནང་བ་བཅས་ཀྱིས་དགེ་རྒན་ལས་བཟོ་ཡོངས་ལ་སྔར་བས་ཕུལ་བྱུང་གི་དགེ་རྒན་རྣམས་ཀྱི་སྤྱོད་ཚུལ་ལ་མིག་དཔེས་ཕྱི་ལོར་གང་ཉིད་ཀྱང་ཆེས་ཕུལ་བྱུང་གི་མི་སྣར་བདམས་ཐོན་ཡོང་བར་སྐུལ་མ་གཏོང་གནང་མཛད་པ་རེད།  དེ་རྗེས་དགེ་རྒན་ལས་བཟོ་རྣམས་རང་སློབ་གྲྭའི་རྒྱབ་ཕྱོགས་མི་སྣའི་བཀོད་འདོམས་ལྟར་སྐད་ཡིག་ཁག་བགོས་ཀྱིས་བཞུགས་གྲལ་དུ་འཁོད་པར་སྐུལ་ཏེ།  སྐད་ཡིག་ཚན་ཁག་དང་ལོ་རིམ་སོ་སོས་ཁེར་གཞས་དང་།  སྐོར་བྲོ།  གླུ་གར་མཉམ་འཛོམས་ཀྱིས་དགའ་སྟོན་གྱི་དཔལ་ལ་འཇུག་པར་གནང་།   མཐུན་སྒྲིལ་ནི་བྱ་གཞག་བརྩོན་ལེན་གྱི་གཞི་མར་སྣང་བས་ཀུན་གྱིས་མཐུན་སྒྲིལ་རོགས་རེས་ཀྱི་ཐབས་ལ་འཇུག་པར་སྣང་ཆེན་གྱིས་འདི་ལོའི་སྦྱངས་འབྲས་ཚད་ལེན་ཡིག་རྒྱུགས་ཁྲོད་ཆེས་སྔོན་ཐོན་གྱི་འབྲས་བུ་བཟང་པོ་ཞིག་ཐོབ་པར་གདམས་པ་ལགས་སོ། 

编辑:张竞赛
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心