当前位置: 首页 > 特色藏文 > 诗词三首

诗词三首

2019年03月25日 21:04:49 访问量:134
                         ཙན་དན་གྱི་གུ་ཡོག
ཀ་དག་སྟོང་ཉིད་ཇི་བཞིན་སྟོན་པའི་དབྱངས་གསལ་འཕྲུལ་གྱི་སྦྱོར་བ་འདི། །
ཁ་ངན་དུག་མཚོན་མུན་པའི་སྒྱོགས་ཀྱི་གཞན་སྡེ་བཅོམས་པའི་མདེལ་བྱས་ན། །
ག་ཐེར་ཐོད་པའི་རྣམ་བཀྲའི་རི་མོ་ཡེར་ཡེ་གྱེན་ཐད་ལངས་ལགས་ཀྱང་། །
ང་ཅག་རིགས་བཟང་བོད་དོ་སྒྲོག་ལ་ཁ་ལྐུག་ལྕེ་ཡི་དབང་པོ་ཆད། །


འཕྲུལ་གྱི་ལྭ་བ་ནག་པོ་ཁྲག་འཛག་ཧམ་གྱིས་བཅིངས་ལ་མུ་ཅོར་བྱེད། །
རྣམ་ཤེས་དམར་པོ་མེ་ལ་བསྲེགས་ཏེ་དུ་ནག་དཀྲིགས་ལ་ངོ་སོར་རློམས།།
ཇ་ནག་ཡང་ཏིག་འཁོར་ལ་སྟེར་འདི་དགེའོ་སྙམ་པའི་ཆོག་ཤེས་བྱེད། །
སྐྱིད་སྡུག་ཐམས་ཅད་སྒོར་ལ་བཅལ་བའི་སྲིད་པའི་སྲང་རྡོ་ཀྱེ་མ་ཧུད། །


ལྭ་བ་ནག་པོ་ཧར་གྱིས་དབྲལ་བའི་ཤེས་རབ་རལ་གྲི་བདག་ལ་རེ། །
རྣམ་ཤེས་སོན་པོ་སྟོང་གསུམ་ཉུལ་བའི་རྫོགས་ལྡན་དུས་དེ་འཆར་ལ་རེ། །
ཇ་རྐྱང་སྤགས་རྐྱང་འཚོ་བའི་ཁ་སྟབས་རང་ས་འདི་ནས་ཆད་ལ་རེ། །
སྲང་རྡོ་འདེགས་པའི་སྒྱུ་མའི་མཁན་པོ་མཁན་རབས་སྟོངས་པའི་དུས་ལ་རེ། །


编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心