དེའི་ནང་རྗེས་རབས་པ་རྣམས་ལ་རིག་གནས་སྦྱོང་བའི་དགོས་པ་དང་ཚུལ་ཇི་ལྟར་སྦྱོང་བ། དེའི་ཉིང་དགོས་སོགས་དོན་བསྡུས་ཤིང་ཁ་གསལ་བའི་སྒོ་ནས་བསྟན་ཡོད།
ཚིག་བསྡུས་ཤིང་དོན་གསལ་ལ་དཔེ་འགོད་དང་གཟུགས་འགོད་བྱས་ཡོད་པས་ཚིག་སྙན་ཞིང་ཉམས་འགྱུར་ལྡན་ལ། དཔེ་དོན་གནད་དུ་ཁེལ་ཞིང་གསོན་ཉམས་ལྡན་པར་མ་ཟད། བསླབ་བྱའི་དོན་རྣམས་གནད་དུ་ཐིངས་པའི་དཔེ་དང་གོ་སླ་བའི་ཚིག་སྦྱོར་ལ་དྲངས་ནས་གོ་རིམ་ལྡན་པའི་ངང་གསལ་སྟོན་བྱས་ཡོད།