当前位置: 首页 > 青 年 报 > སྦངས།

སྦངས།

2020年07月14日 09:26:00 访问量:363

སྦངས།

ཞི་ལམ་འབྲས་གསུམ་གཞུང་ཚིག་མ་ཎིར་བཟློ།།

བདེ་ཅན་འདོད་པའི་རྔམ་སེམས་ལྷག་ཏུ་འཕེལ།།

དམག་དང་གཟོར་གྱི་མངོན་སྤྱོད་ནར་མར་རྦད།།

འཁྲུག་སློང་ཚིག་གི་མཁན་པོ་དེང་དུས་བྲིན།།

རང་གཞན་སྡེ་པར་གྱེས་པའི་གཅུར་སྒམ་ན།།

དྲག་པོ་ཧུཾཿ་ལ་ཕཊ་ཀྱིས་མངོན་སྤྱོད་བྱེད།།

གསེར་སྒམ་ཕྱི་ལ་པ་ཊས་རབ་མཛེས་ཤིང་།།

ནང་ནས་གཡུ་འབྲུག་སྔོན་མོ་དྲག་ཏུ་ལྡིར།།

སྐུ་ལ་འཇམ་ཚད་ལྗགས་ལ་ཞིམ་ཚད་གསོལ།།

སྙན་ལ་སྙན་ཚད་ཤངས་ལ་ཞིམ་ཚད་གསོལ།།

ཁ་གསག་ཐོབ་ཀྱིས་བྱ་བ་ཀུན་གཞལ་བའི།།

སྲིད་པའི་ཕུན་ཚོགས་འཛོམས་པའི་བཅོ་བརྒྱད་གྲོང་།།

རྒད་པོ་རྒད་པོའི་རྣམ་ཐར་སྐྱུར་རུ་རུ།།

དར་མ་དར་མའི་དར་སོ་འུར་རུ་རུ།།

གཞོན་ནུ་གཞོན་ནུའི་གཞོན་སོ་ཡལ་ལ་ལ།།

ཐམས་ཅད་ཐམས་ཅད་མགོ་མང་ཀླད་ཀོག་གཅིག

མི་ཆེན་ཁྲི་མདུན་རྒྱ་བསངས་སྔོ་ཕྱུར་ཕྱུར།།

མདུན་ན་འདོན་མདུན་རྒྱ་བསངས་སྔོ་ཕྱུར་ཕྱུར།།

འབངས་འཁོལ་ཁྱིམ་ལའང་རྒྱ་བསངས་སྔོ་ཕྱུར་ཕྱུར།།

རྒྱ་བསངས་ནམ་མཁའ་དཀྲིགས་པའི་རྒྱལ་མཚན་རི།།

དགེ་མིང་ཚེ་བརྟན་བཀྲ་ཤིས།

编辑:罗淼淼
上一篇:诗歌
下一篇:藏语作文
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心