当前位置: 首页 > 藏文文化 > རང་སློབ་གྲྭས་དགེ་སློབ་སྒྲིག་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་སྐོར་གྱི་

རང་སློབ་གྲྭས་དགེ་སློབ་སྒྲིག་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་སྐོར་གྱི་

2023年09月14日 11:56:26 访问量:49 作者:巴桑
རང་སློབ་གྲྭས་དགེ་སློབ་སྒྲིག་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་སྐོར་གྱི་
ནང་དོན་སློབ་སྦྱོང་བྱས་པ།
     རང་ཚན་པས་དེ་རིང་ཕྱི་དྲོའི་ཚོགས་ཐུན་གཉིས་པར་ལོ་རིམ་བརྒྱད་པའི་འཛིན་གྲྭ་གསུམ་དང་དགེ་རྒན་འགས་ཏང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་ནང་དོན་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད།  རང་སློབ་གྲྭའི་སློབ་སྤྱི་ཏུའུ་ལགས་ཀྱིས་འཚོགས་འདུ་གཙོ་སྐྱོང་གནང་ཞིང་ངེད་ཚན་པའི་རྒན་དོན་གྲུབ་རྒན་པ་ནས་མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་ནང་དོན་འཆད་ཁྲིད་གནང་བ་རེད།   རྒན་ལགས་ཁོང་གིས་ཏང་གི་ཉམས་པ་མེད་པའི་སྲིད་ཇུས་བཟང་པོར་བརྟེན་ནས་རང་རེའི་ཁ་བའི་ཞིང་འདིར་ཆབ་དཔལ་རིག་གསུམ་གྱིས་གཙོས་མི་དམངས་ཀྱི་བསམ་བློར་གདོད་མའི་སྤྱི་ཚོགས་ཀྱི་བཀག་རྒྱ་དམ་པོ་ལས་བློ་རྒྱ་ཞན་པའི་ཆར་དམིགས་ཀྱིས་ཞི་བའི་ཐབས་མཁས་སྩོལ་བས་བཅིངས་འགྲོལ་ཐོབ་པའི་བསྐལ་བཟང་རྫོགས་ལྡན་གྱི་ཉིན་མོ་ནས་བཟུང་མི་དམངས་ནི་མེས་རྒྱལ་གྱི་རྒྱལ་སྲིད་དང་།  རྒྱལ་སྲིད་ནི་མི་དམངས་ཡིན་པར་ཁུངས་བདེན་ར་སྤྲོད་གསལ་པོ་བྱུང་བ་ཀུན་གྱིས་མཁྱེན་གསལ་རེད།  ཏང་གི་བླ་ན་མ་མཆིས་པའི་ཐུགས་ཁུར་ཟབ་བསྐྱེད་འོག རང་རེའི་བོད་ཡུལ་འདིར་སློབ་གསོའི་འདབ་མ་ཕྱོགས་བཅུར་བཞད་ཅིང་།  
འགན་ལེན་གསུམ་གྱི་འཚོ་བའི་ཐད་དམིགས་བསལ་སྲིད་ཇུས་དོན་འཁྱོལ་གནང་བ་འདི་ཀོ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཀུན་གྱིས་ཡི་རང་ཞུ་ཡུལ་ལས་མ་འདས། དེང་གི་ཆར་བོད་ལ་ཞི་བའི་བཅིངས་བཀྲོལ་བཏང་བ་ནས་བཟུང་གངས་ལྗོངས་མི་དམངས་ཀུན་གྱིས་ཏང་གི་བྱམས་བརྩེའི་རང་མདངས་སེམས་ནང་དབང་མེད་དུ་འཕྲོས་ཏེ།  གཞར་ཡང་རླས་ཆེན་ཏང་གི་རྗེས་སུ་འབྲངས་དགོས་པའི་འབོད་སྐུལ་དང་དུ་ལེན་པར་བྱེད།  རྒན་ལགས་ཁོང་གིས་དགེ་སློབ་ཚོར་སྨྱན་ཆས་ལམ་ལས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུས་མན་ཤང་གི་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་དུས་ནམ་ཡང་ཏང་གི་དྲོ་སྐྱིད་ཚོར་འདུ་དྲག་པོས་རང་རྒྱལ་གྱི་རྒྱལ་དར་གངས་ལྗོངས་ས་མཐོར་གཡོ་བའི་ལས་འགུལ་སྐད་ཅིག་ཙམ་ཡང་ཆད་མི་མྱོང་བའི་གནས་ཚུལ་གསལ་བཤད་གནང་བ་རེད།  ཁོ་གཉིས་ཆུང་ངུའི་དུས་ནས་ཕའི་བབ་ཆགས་བཟང་པོའི་དྲིན་ལས་གང་དུ་བསྐྱོད་ཀྱང་སྐར་ལྔའི་དར་དམར་རྣམ་པར་གཡོ་བའི་སྣང་ཚུལ་སེམས་ནས་ཡལ་མི་མྱོང་བ་རེད།  སྤྱིར་ཏང་ཡོན་པ་ཞིག་གི་ཆ་ནས་ཏང་གི་གཞི་རྩའི་སྒྲིག་ཡིག་སློབ་སྦྱོང་ནན་པོས།  འཁྲི་བྱའི་ལས་ཡུལ་དངོས་ནང་ལག་ཏུ་བསྟར་ཞིང་ཁས་ལེན་ལྔའི་ནང་དོན་བློ་ལ་བརྟན་པོར་ངེས་པ་དང་།  ཏང་གི་བྱ་གཞག་གསར་བསྒྲུབ་ཀྱི་གཡུལ་ས་མདུན་མར་བློ་ཕྱོགས་ནས་རང་རེའི་ཏང་གི་བྱམས་བརྩེའི་འོད་མདངས་ལྷམ་མེར་འཕྲོས་པ་དང་། བཀའ་དྲིན་དྲིན་གཟོའི་ཐབས་ཀྱིས་ཚད་ལྡན་གྱི་ཏང་ཡོན་དཔུང་ཁག་ཅིག་ཆགས་པར་ཀུན་གྱིས་འབད་གལ་ཆེ་སྟེ།  གུང་ཁྲན་ཏང་མེད་ཚེ། དེང་གི་རྣམ་པ་གསར་པའི་འབྱོར་འཁོས་དག་མཁའ་དབྱིངས་ཀྱི་རྐང་ལམ་ཇི་བཞིན་ལོངས་སྤྱོད་ཀྱི་བསྐལ་བ་ཤིན་ཏུ་ནས་དབེན་འདི་ཀིན་ནས་ཤེས་ངེས་ཡིན་པས།  མཚན་དཔེའི་ཡོན་ཏན་སློབ་སྦྱོང་གིས་ཏང་གི་བུ་ཕྲུག་བཟང་པོའི་འོས་འགན་ཏེ། འདུ་ཤེས་བཞི་དང་གདེང་ཚོད་བཞི།  ཁས་ལེན་ལྔ་སོགས་འབྲེལ་ཡོད་ཀྱི་ཏང་གི་ནང་དོན་སློབ་སྦྱོང་གནང་གལ་ཆེ་བར་བསྐུལ་མ་གནང་བ་རེད།  སླད་མར་རང་རེས་སློབ་མ་དག་རྒྱལ་གཅེས་རིང་ལུགས་ཀྱི་བུ་ཕྲུག་བཟང་པོ་འབའ་ཞིག་ཏུ་བསྐྲུན་པར་འབུངས་དགོས་པའི་ངེས་ཤེས་བརྟན་པོ་ཞིག་བསྐྱེ་ངེས་ལགས་སོ།

编辑:张竞赛
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心