当前位置: 首页 > 党建动态 > སློབ་སྤྱི་བུ་ཆུང་ལགས་ནས་ཏང་གི་སྒྲིག་ཡིག་གི་གལ་ཆེའི་ནང་དོན་སྒྲོག་འགྲེལ་གནང་བ།

སློབ་སྤྱི་བུ་ཆུང་ལགས་ནས་ཏང་གི་སྒྲིག་ཡིག་གི་གལ་ཆེའི་ནང་དོན་སྒྲོག་འགྲེལ་གནང་བ།

2023年11月23日 16:48:09 访问量:34 作者:巴桑多拉
 ཏང་གི་བླ་ན་མ་མཆིས་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་གྱིས་ཞིས་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གལ་ཆེའི་དགོངས་པས་མཛུབ་སྟོན་ངང་རང་རེའི་མེས་རྒྱལ་གྱི་སྟོབས་འབྱོར་སྔར་བས་ཆར་རྗེས་ཀྱི་མྱུ་གུ་ཇི་བཞིན་འཕེལ་རྒྱས་ཀྱི་སྒོ་མོ་གསར་དུ་འབྱེད་བཞིན་པར་སྣང་། རང་ཚན་པས་ཀྱང་གོང་རིམ་དབུ་འཛིན་གྱི་བཀའ་འགོད་ལྟར་ཏང་གིས་ཐུན་མོང་འདུ་ཤེས་འཛུགས་སྐྱོང་གིས་མཐུན་སྒྲིལ་སྲུང་སྐྱོང་བསམ་པའི་ལྕགས་རི་བརྟན་པོ་འཛུགས་ཤིང་ཁྱིམ་གཞིས་བཟང་པོ་སྒོ་ཀུན་ནས་གཏོད་རྒྱུའི་དྲིལ་བསྒྲགས་སློབ་གསོ་བཏང་ནས་འཆམ་མཐུན་ལྡན་ལ་ཤེས་དཔལ་གཉིས་ལྡན་གྱི་ཁྱིམ་གཞིས་སྐྱོང་རྒྱུའི་བསམ་པའི་འདུ་ཤེས་གསོ་སྐྱོང་བྱ་དགོས་པའི་བླང་བྱ་ཟབ་མོ་འདོན་གནང་བ་རེད།    
ཐེངས་འདིའི་སློབ་སྦྱོང་བྱེད་སྒོ་འདི་རང་སློབ་གྲྭའི་ཧྲུའུ་ཅི་བུ་ཆུང་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་ཏང་གི་སྒྲིག་ཡིག་གི་ནང་དོན་འཆད་ཁྲིད་གནང་བ་ལ་དགེ་རྒན་ཡོངས་འཚོགས་འདུའི་ནང་དོན་སློབ་སྦྱོང་བྱེད་པར་བཞུགས་གནང་བ་རེད། ཧྲུའུ་ཅི་བུ་ཆུང་ལགས་ཀྱིས་གསུངས་དོན་ཏང་གི་བཀའ་དྲིན་སྙིང་བཅངས་ཀྱིས་དགེ་རྒན་དཔུང་ཁག་གི་འོས་འགན་ནི་རང་བས་གཞན་གཅེས་ཀྱི་དགེ་བའི་འཕྲིན་ལས་ལ་དུས་ནམ་ཡང་གཡོ་བ་མེད་པར་དཔེ་ཁྲིད་མི་སྐྱོང་གི་འཐབ་ས་མདུན་མར་བསམ་སྦྱོར་དྲག་པོས་བསྒྲུབ་དགོས་པའི་བླང་བྱ་བཏོན་གནང་ཞིང་འབྲེལ་ཡོད་ཀྱི་སློབ་གསོ་གང་མང་གནང་ནས་ཏང་གི་འབོད་སྐུལ་ཇི་བཞིན་ལས་འགན་བརྟན་པོར་སྲུང་དགོས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་མཆོག་གིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་སྲུང་དགོས་ཞེས་གསུངས་པ་ལྟར་ཏང་གི་གཞལ་དཀའི་ཐུགས་རྗེའི་གཟིགས་སྐྱོང་ཟབ་མོའི་འོག་སྔ་ཕྱི་བར་གསུམ་དུ་དཔེ་ཁྲིད་མི་སྣ་གསོ་སྐྱོང་གིས་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གལ་ཆེའི་དགོངས་པའི་ནང་དོན་སློབ་སྦྱོང་གཏིང་ཟབ་གནང་ནས་སློབ་གསོའི་འཐབ་ཕྱོགས་ཁག་གི་གཡུལ་ས་མདུན་མར་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་གྱི་གཟུགས་བརྙན་ཡག་པོ་ཞིག་གཏོད་དགོས་པའི་རེ་བསྐུལ་གནང་བ་རེད། 
ཏང་གི་སྒྲིག་ཡིག་ནང་ཐོག་མར་རང་ངོས་ཀྱི་སྐྱོན་དང་ནོར་འཁྲུལ་ངོས་འཛིན་ཐུབ་པ་གནང་སྟེ་རིམ་གྱིས་ནད་ཐོག་སྨན་བཅོས་ཇི་བཞིན་ཡོ་བསྲང་བྱ་བའི་ཐབས་ལ་ཀུན་གྱིས་ཕྱོགས་ཡོངས་ནས་འབད་འཐབ་བྱ་གལ་ཆེ།  སྤྱི་ཁྱབ་ཧྲུའ་ཅི་ཞིས་ཅིན་ཕིང་མཆོག་གིས་མི་དམངས་ནི་རྒྱལ་ཁབ་ཀྱི་རྟེན་གཞིའམ་སྲིད་དབང་དང་རྒྱལ་སྲིད་ནི་མི་དམངས་ཡིན་ཞེས་པའི་དགོངས་འདུན་ལྟར་ཏང་གི་འབོད་སྐུལ་དང་དུ་ལེན་ཞིང་མི་དམངས་ལ་སྨན་པའི་བྱ་གཞག་གསར་གཏོད་ཀྱིས་ཏང་ཡོན་དཔུང་ཁག་གི་གཡོ་བ་མེད་པའི་རང་མདངས་དང་རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གལ་ཆེའི་རིན་ཐང་མངོན་པར་བྱེད་དགོས་པའི་བསྲི་ཞུ་རྣམ་དག་བསྒྲུབ་རྒྱུའི་ཡིད་ཆེས་བརྟན་པོ་བཅང་དགོས་པའི་བླང་བྱ་ཟབ་མོ་དང་། དེ་བཞིན་འགོ་ཁྲིད་དཔུང་ཁག་གི་ཡང་དག་པའི་མཛུབ་སྟོན་མཐའ་འཁྱོངས་སྒོས་མི་དམངས་དང་མཉམ་ཟ་མཉམ་འཐུང་གིས་དམངས་ཀྱི་དཀའ་ངལ་སེལ་རོགས་བྱ་དགོས་རྒྱུའི་བསམ་འདུན་ཡིད་ལ་བཅང་ཞིང་ཚད་དང་ལྡན་པའི་ཏང་ཡོན་དཔུང་ཁག་ཅིག་དང་དགེ་བའི་བཤེས་གཉེན་གྱི་འོས་འགན་བླ་ལྷག་ཏུ་བསྒྲུབ་དགོས་པའི་དགོངས་དོ་སློབ་སྦྱོང་གནང་བ་རེད།  
དགེ་རྒན་ཞིག་ཡིན་ཕྱིན་གཙང་མཁས་གཞན་ལ་ཕན་འདོད་པའི་བླང་བྱ་ཇི་བཞིན་དགེ་རྒན་རང་ངོས་ཀྱིས་ཡོན་ཚད་ལ་དཔག་པའི་ཏང་གི་དམངས་ཕན་ཞབས་ཞུ་བ་ཞིག་གི་འགན་འཁྲི་ཕྲག་ཏུ་འཁྱེར་ནས། མི་དམངས་སློབ་གསོའི་འཐབ་ཕྱོགས་པའི་མཛད་འཕྲིན་ལྷག་ཏུ་བསྐྱངས་ནས་ཏང་གི་བཀའ་དྲིན་གསོ་བའི་ལྷག་བསམ་རིང་མོར་སྐྱོང་དགོས་པའི་གལ་ཆེའི་མཛུབ་སྟོན་གནང་བ་རེད། དེ་བཞིན་དགེ་རྒན་ཆེས་ཉུས་ཤས་ཤིག་གིས་གཞན་ཕན་སློབ་གསོ་འཆད་ཁྲིད་ལ་དེ་ཙམ་ལས་སྣང་འཇོག་མི་བྱ་མཁན་ཚོར་རྣགས་ཐོག་བཙག་འཁེལ་གྱི་གལ་འགངས་ཆེ་བའི་རིན་བྲལ་གྱི་མཛུབ་སྟོན་ཡང་གནང་ནས་སླད་ཕྱིན་ངེད་སློབ་གྲྭའི་སྦྱངས་འབྲས་ཚད་ལེན་དང་ཀུན་སྤྱོད། སློབ་རའི་བདེ་འཇགས་བཅས་ཀྱི་ཐད་གཙིགས་ཆེའི་རང་བཞིན་སྒོས་འདོམས་ཚིག་ཀྱང་གནང་བ་རེད།                                                                                                                                             
ས་སྐྱ་སློབ་འབྲིང་བོད་ཡིག་ཚོགས་ཆུང་ནས།
༢༠༢༣ལོའི་ཟླ༡༡པའི་ཚེས༡༩ཉིན།      
编辑:王琦
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心