当前位置: 首页 > 通知公告 > 住房公积金政策宣讲会

住房公积金政策宣讲会

2023年11月23日 12:41:33 访问量:43 作者:巴桑多拉
ཏང་གི་མི་རིགས་མཛད་ཕྱོགས་སྲིད་ཇུས་བཟང་པོའི་ཉི་གཞོན་ལ་བརྟེན་ནས་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་ཀྱིས་སྤུན་ཟླའི་ཞིང་ཆེན་དག་གི་འཕེལ་རྒྱས་ཀྱི་གོམ་སྟབས་ལ་མིག་ལྟོས་སྒོས་ཕྱོགས་ཡོངས་ནས་ཚན་རིག་རིག་གསར་གྱི་ས་བོན་ལྷུར་ལེན་གྱིས་རང་རེའི་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སློབ་གསོ་སོགས་སྒོ་ཀུན་ནས་དམ་འཛིན་དང་གཅེས་འཛིན་ངང་རྗེས་ལུས་ཀྱི་རྣམ་པར་བསྒྱུར་བཅོས་སྒོ་དབྱེའི་ནང་དོན་ལག་བསྟར་དོན་འཁྱོལ་ཐོག་སྤུན་ཟླའི་ཞིང་ཆེན་ཁག་དང་འདྲ་བར་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་བུའི་སྟེང་བསྐྱོད་དགོས་པའི་འབོད་སྐུལ་གཏོང་གནང་མཛད་ཡོད་པ་རེད།  
ཐོབ་དཀའ་བའི་དམངས་ཕན་གྱི་མཛད་བཟང་སྲིད་ཇུས་དམ་འཛིན་ཐོག་རྣག་ཐོག་བཙག་འཁེལ་གྱི་དཔེ་ལྟར་མང་ཚོགས་ཀྱི་འཚོ་བར་ཁ་ཡོད་ལག་ཡོད་ཀྱི་བྱ་གཞག་བསྒྲུབ་གལ་ཆེ་སྟེ།  ཏང་གི་ཡང་དག་པའི་སྲིད་ཇུས་བཟང་པོའི་འོག་རང་རེའི་བོད་ཀྱི་རྗེས་ལུས་རྣམ་པར་མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་སྒོ་མོ་གསར་དུ་འབྱེད་དེ་ངེས་པ་དོན་གྱི་མི་དམངས་ཀྱི་ལས་བྱེད་པའི་གཛུགས་བརྙན་ཡག་པོ་ཞིག་མང་ཚོགས་ཀྱི་མིག་ལམ་ལ་འཆར་བར་འབད་དགོས། ཁྱད་པར་དུ་ཀྲུང་དབྱང་གིས་ཐབས་མཁས་མཛད་ཕྱོགས་འཕྲིན་ལས་བཟང་པོའི་མཐུས་རྒྱ་ཆེའི་མང་ཚོགས་ཚོར་སྡོད་ཁང་གསར་རྒྱག་དང་། ལས་བྱེད་པ་ཚོར་སྡོད་ཁང་མ་འཇོག་གི་སྲིད་ཇུས་གསར་པ་ཞིག་མཛད་དེ་རྒྱལ་ཁབ་སྤྱི་ནས་མ་འཇོག་ཕྱེད་ཀ་དང་ལས་བྱེད་པ་རང་ངོས་ཀྱི་གླ་ཕོགས་གཞིར་བཟུང་བརྒྱ་ཆར་ཕབ་སྟེ་མ་བཅོལ་གཏན་འཇོག་གི་ཐབས་ལམ་ཟབ་མོ་ལས་ལས་བྱེད་པ་ཚོར་བརྒྱ་ཆ་ལྔ་བཅུ་སྲིད་གཞུང་གིས་ཁ་གསབ་གནང་བའི་ལུགས་སྲོལ་ནི་འཛམ་གླིང་ཁྱོན་ན་མཐོང་དཀའ་བའི་གནས་ཤིག་ལས་མ་འདས།  དེས་ན་རང་རྫོང་སྡོད་ཁང་འཛུགས་སྐྲུན་ཚན་པའི་དབུ་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གཞིས་རྩེ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཚན་པ་དང་། ཀྲུང་གོའི་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གི་ལས་བྱེད་པས་འབྲེལ་ཡོད་ཀྱི་ནང་དོན་ཁྱབ་བསྒྲགས་གནང་བ་རེད། 
ཚོགས་འདུའི་ཁྲོད་རང་སློབ་གྲྭའི་དགེ་རྒན་དང་རང་རྫོང་གི་ལས་བྱེད་ཁག་ཅིག་ཚོགས་འདུར་བཞུགས་གནང་བ་རེད། རང་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཚན་པ་དང་ཀྲུང་གོའི་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་མཉམ་གཉེར་ཐོག་རྒྱ་ཆེའི་ལས་བྱེད་པ་ཚོར་སྡོད་ཁང་ཉོ་བའི་གནས་ཚུལ་སྟབས་བདེ་ཇེ་བཟང་དུ་གཏོང་ཕྱིར་འབྲེལ་ཡོད་ཀྱི་དངུལ་བུན་གཡར་བའི་དམིགས་བསལ་འགྲོ་ལུགས་གསར་པ་འགའི་ནང་དོན་གསལ་བསྒྲགས་ཀྱིས་དེ་སྔོན་དང་མི་འདྲ་བར་སྟབས་བདེའི་འགྲོ་ལུགས་གསར་པ་སྟེ། ཆེད་དམིགས་ཀྱིས་སྤྱི་པའི་སྡོད་ཁང་ཉོ་བའི་མ་འཇོག་གི་བུན་གཡར་དང་ཀྲུང་གོའི་ཞིང་ལས་དངུལ་ཁང་། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་བཅས་ལ་བུན་གཡར་བྱ་སྐབས་ལས་ཁུངས་སུ་བསྐྱོད་མི་དགོས་པར་ཁ་པར་གྱི་འཕྲིན་ཕྲན་ཆ་འཕྲིན་སྟེགས་བུ་ལས་འགྲོ་ལུགས་གཉེར་ཆོག་ཅིང་ལྷག་པར་དུ་སྔོན་གྱི་འགྲོ་ལུགས་གཉེར་སྟངས་ཇི་བཞིན་ཁག་ཐེག་མི་རྙེད་ཚེ་བུན་གཡར་དངུལ་ཁང་གནས་ཡུལ་གྱི་གྲོང་ཁྱེར་འདིར་ཁང་པ་ཉོས་ཡོད་ཚེ་འདིས་གཏན་མར་འཇོག་ཆོག་ཅིང་བུན་གཡར་འགྲོ་ལུགས་གཤལ་མར་གཉེར་ཆོག་པའི་དམིགས་བསལ་དམངས་ཕན་གྱི་སྲིད་ཇུས་སོགས་གསལ་བསྒྲགས་ཞིབ་ཕྲ་གནང་བ་རེད།  
དེ་ནི་དམངས་ཕན་སྲིད་ཇུས་བཟང་པོའི་རང་བཞིན་དང་རང་གཞན་གཉིས་ཕན་གྱི་སྟབས་བདེའི་སྟེགས་བུ་གསར་པ་ཞིག་ཡིན་པས་ཚོགས་བཞུགས་པ་ཚོའི་དགའ་བསུ་ཚད་མེད་ཐོབ་གནང་ཡོད། དེ་བཞིན་འབྲེལ་ཡོད་བུན་གཡར་གྱི་འགྲོ་ལུགས་སྲིད་ཇུས་དག་ཁྱབ་བསྒྲགས་གྲུབ་རྗེས་དམིགས་བསལ་གྱི་མི་རྟོགས་པའི་ནང་དོན་འགའ་འདྲི་རྟོགས་ཐབས་ལམ་སྤྱད་ནས་གསལ་བཤད་གང་ལེགས་གནང་བ་རེད། འདི་ནི་ཏང་གི་བུན་གཡར་སྲིད་ཇུས་བཟང་པོ་དང་། མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒོ་མོ་གསར་དུ་འབྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་རེད།
ས་སྐྱ་སློབ་འབྲིང་བོད་ཡིག་ཚོགས་ཆུང་ནས།
༢༠༢༣ལོའི་ཟླ༡༡པའི་ཚེས༡༠ཉིན། 
编辑:王琦
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心