当前位置: 首页 > 教研活动 > ན་གཞོན་དགེ་རྒན་གྱི་སྙན་ཞུའི་སློབ་ཚན་ཉན་པའི་བྱེད་སྒོ།

ན་གཞོན་དགེ་རྒན་གྱི་སྙན་ཞུའི་སློབ་ཚན་ཉན་པའི་བྱེད་སྒོ།

2021年10月15日 12:29:31 来源:藏文组 访问量:320 作者:藏文组

སྤྱི་ལོ༢༠༢༡ལོའི་ཟླ༡༠ཚེས༡༢ཉིན་གྱི་ཕྱི་དྲོའི་ཚོགས་ཐུན་གཉིས་པ་དང་གསུམ་པའི་སློབ་དཔྱོད་བྱེད་སྒོའི་དུས་ཚོད་བེད་སྤྱད་དེ་རང་སློབ་གྲྭའི་སློབ་དཔྱོད་ཁང་གི་བཀོད་སྒྲིག་འོག   བོད་ཡིག་སློབ་ཁྲིད་པ་རྒན་ཕུར་བུ་བུ་ཁྲིད་ལགས་ཀྱི་བསླབ་ཚན་ཉན་ཞིང་།   བོད་ཡིག་སློབ་ཁྲིད་དགེ་རྒན་ཚང་མ་ཐེ་ཞུགས་བྱས་ཏེ་ཚ་ཚ་འུར་འུར་ངང་ནས་དཔྱད་འཇོག་སྤེལ་བ་མ་ཟད།   དགོངས་ཚུལ་ལམ་ལྟ་བ་ལྷུག་སྩོལ་གནང་བ་རེད།

རྒན་ལགས་ཀྱིས་ཁྲིད་བྱར་འགྱུར་བའི་སློབ་ཁྲིད་ནང་དོན་ལ་གཞིགས་ཏེ།   སྔོན་ཚུད་ནས་གྲ་སྒྲིག་ཨང་གསར་དང་ཚགས་ཚུད་པ་གནང་ཡོད་ཅིང་།    ལྷག་པར་སློབ་ཁྲིད་ཀྱི་ནང་དོན་ལ་མཁོ་བའི་དཔྱད་གཞིའི་རྒྱུ་ཆ་མང་དག་ཅིག་འཚོལ་བསྡུ་དང་དྲ་ཐོག་ནས་ཕབ་ལེན་བྱས་ཏེ།   བཪྙན་ཕབ་དང་དཔེ་རིས་སྟོན་ཡོད་ཅིང་།    སློབ་ཚན་གྱེར་ཀློག་བྱ་རྒྱུ་དེ་རྒྱབ་ལྗོངས་རོལ་དབྱངས་འགྲོགས་ཏེ་སྒྲ་ཕབ་བྱས་ཡོད་པས།   སྣ་མང་སྨྱན་སྦྱོར་གྱི་ནང་དོན་ཕུན་སུམ་ཚོགས་ལ།   སློབ་ཁྲིད་ཀྱི་དགོས་མཁོ་དང་ཧ་ཅང་འཚམ་པོ་ཞིག་བྱུང་འདུག་པ་དེ་ནི།   དེང་རབས་བྱང་ཚད་སློབ་གསོའི་ཁ་ཕྱོགས་དང་མཐུན་ཞིང་།   རྒན་ལགས་ཁོང་རང་ཡང་གློག་ཀླད་རྩིས་འཁོར་དང་དྲ་རྒྱའི་ཕབ་ལེན་ཐད་ཀྱི་ཤེས་བྱ་ལ་བྱང་ཆ་ལྡན་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ལ།   སློབ་ཚན་ཁྲིད་ཐབས་ངོས་ནས་བརྗོད་ན།   སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་དོན་གསལ་བཤད་ཁ་གསལ་བ་དང་གོ་བདེ་བ།  བརྗོད་བྱའི་ནང་དོན་གྱི་གཙོ་ཕལ་དབྱེ་འབྱེད་དོན་དང་མཐུན་པ།   ངག་གི་འགྱུར་ཁུག་སྙན་ཞིང་ཞར་དང་ཞོར་ལ་སློབ་མར་ཡར་སྐུལ་གྱི་བསྟོད་ཚིག་གིས་ཡིད་སེམས་སློབ་ཁྲིད་དུ་ཕྱོགས་ནུས་པ།   སློབ་ཚན་དབྱེ་ཞིབ་སྐབས།   བསྟན་བྱའི་དོན་རྣམས་ཁ་གསལ་གོ་བདེ་བ་དང་།   སློབ་ཚན་ནང་དུ་ཐག་གཅོད་བྱ་གཞི་གཙོ་བོར་གྱུར་པའི་དཔེ་དང་དཔེ་ཅན་གྱི་སྦྱོར་བ་རྒྱས་པར་སྤྲོས་ཡོད་པ་རྣམས་རེ་རེ་བཞིན་གཙོ་ཕལ་རྒྱས་བསྡུས་འཚམ་པའི་སྒོ་ནས་དབྱེ་ཞིབ་དང་ཐག་གཅོད་ཐུབ་པ་བྱུང་སོང་ལ།   སྨྱན་ཆས་ཀྱང་གྲ་སྒྲིག་ལེགས་པར་བྱས་འདུག་པས།   སློབ་ཚན་ཧྲིལ་པོ་བདེ་བླག་ངང་ལེགས་གྲུབ་ཐུབ་པ་བྱུང་སོང་།

མདོར་ན།   ད་ཐེངས་ཀྱི་བྱེད་སྒོ་འདི་བཞིན་སྤེལ་བ་བརྒྱུད་ནས།  ངེད་བོད་ཡིག་དགེ་རྒན་ཕལ་མོ་ཆེར་བློ་སྐྱེད་མི་དམན་ཙམ་ཞིག་ཐོབ་བྱུང་སྟེ།   བྱང་ཚད་སློབ་གསོའི་འཕེལ་ཕྱོགས་འགྲོས་དང་བསྟུན་ནས།  དགེ་རྒན་ནི་འཁྲབ་ཁྲིད་པ་དང་སློབ་མ་ནི་འཁྲབ་སྟོན་པ་ཡིན་ཞིང་།   སློབ་ཁྲིད་ཀྱི་བགྱི་བ་ཧྲིལ་པོའི་ཁྲོད་དུ་སློབ་མ་གཙོར་བཟུང་གི་འདུ་ཤེས་བཅངས་སྟེ་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་སྤེལ་དགོས་པ་དང་དུས་མཚུངས།   དགེ་རྒན་རང་ངོས་ནས་སྔོན་ཚུད་ནས་འབྲེལ་ཡོད་ཤེས་བྱ་དང་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་འཚོལ་ཪྙེད་ཐུབ་པ་བྱེད་དགོས་ལ།   སློབ་ཁྲིད་ཀྱི་ལག་ལེན་དངོས་ནང་དེ་དག་ཚུལ་བཞིན་སྤྱོད་ནུས་པའི་ངེས་ཤེས་ཐུབ་པ་བྱུང་སོང་།

编辑:拉巴次仁
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心